༄༅༅། ། རྒྱ་གར་སྐད་དུ། མ་ཧཱ་པྲ་ཏི་ས་རེ་ཙཀྲ་ལི་ཁ་ནི་བི་དྷིཿ། བོད་སྐད་དུ། སོ་སོར་འབྲང་མ་ཆེན་མོའི་འཁོར་ལོ་བྲི་བའི་ཆོ་ག། བཅོམ་ལྡན་འདས་རིག་པའི་རྒྱལ་མོ་སོ་སོར་འབྲང་མ་ལ་ཕྱག་འཚལ་ལོ། ། བསྲུང་བའི་དབྱིབས་ནི་རྒྱལ་བ་ཀུན་གྱི་གཞི། ། སོ་སོར་འབྲང་མ་ལ་ནི་གུས་བཏུད་དེ། ། ཇི་ལྟར་མཐོང་བ་ཡི་ནི་རྗེས་འབྲངས་ཏེ། ། དེ་ཡི་འཁོར་ལོའི་མཚན་ཉིད་བཤད་པར་བྱ། ། སྔགས་དང་མཚན་མས་མཚན་ཞིང་རིམ་པ་བཅུར། ། ཡང་དག་ལྡན་པའི་འཁོར་ལོ་ལེགས་པར་ནི། ། མཉམ་པར་གཞག་པས་གུར་ཀུམ་མཆོག་ལ་སོགས། ། རྫས་རྣམས་ཀྱིས་ནི་ཡང་དག་བྲི་བར་བྱ། ། དེ་ལ་རིམ་པ་འདི་ཡིན་ཏེ། རྒྱུ་སྐར་རྒྱལ་ལ་བབ་པ་ན། སོ་སོར་འབྲང་མ་ཆེན་མོ་བསྒོམ་པ་སྔོན་དུ་འགྲོ་བས། ཆོ་ག་ཇི་ལྟ་བ་བཞིན་དུ་སོ་སོར་འབྲང་མ་བྲིས་ནས། དེའི་ཤར་ཕྱོགས་སུ་འདུག་སྟེ། གྲོ་གའམ་རས་ཀྱི་གཞི་ལ་སོར་བཞི་ཙམ་གྱི་རིམ་པ་འཁོར་ལོའི་རྣམ་པར་མངོན་པར་བྲི་བར་བྱའོ། ། དེའི་ནང་གི་ཕྱོགས་དང་མཚམས་སུ་ཧཱུཾ་ཡིག་བརྒྱད་ཀྱིས་ཡོངས་སུ་བསྐོར་བའི་ཡི་གེ་པྲཾ་གྱི་དབུས་སུ། ཨོཾ་མ་ཎི་དྷ་རི་བཛྲཱི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཆེ་གེ་མོ་ལ་བསྲུང་བ་མཛོད་ཅིག་སྭཱ་ཧཱ། ཞེས་བྱ་བའི་སྔགས་བྲི་བར་བྱའོ། ། དེའི་ཕྱི་རོལ་དུ་ཡི་གེའི་ཕྲེང་བ་ལེགས་པར་གནས་པའི་སའི་ཚད་ཙམ་གྱི་རིམ་པ་གཉིས་ཀྱིས་བསྐོར་བར་བྲིས་ལ། ཨོཾ་མ་ཎི་དྷ་རི་བཛྲཱི་ཎི་མ་ཧཱ་པྲ་ཏི་ས་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་འདི་འཆང་བ་ལ་བསྲུང་བ་མཛོད་ཅིག་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་ཕྲེང་བ་གཉིས་གཡས་སྐོར་དུ་བྲི་བར་བྱའོ། །
In the language of India: Mahāpratisarā-cakra-lekhana-vidhiḥ. In the language of Tibet: The Ritual for Drawing the Wheel of the Great Pratisarā. Homage to the Blessed One, the Queen of Knowledge, Pratisarā. The form of protection is the foundation of all Victors. Having bowed with devotion to Pratisarā, I shall explain the characteristics of her wheel according to what has been seen. One should properly draw the wheel, which is perfectly endowed with ten stages, marked by mantras and symbols. With a mind in meditative equipoise, one should draw it using excellent substances such as saffron and the like. The sequence for this is as follows: When the moon is in the constellation Puṣya, preceded by the meditation on the Great Pratisarā, one should draw Pratisarā according to the ritual. Then, sitting to the east of it, one should clearly draw the form of the wheel in ten stages upon a base of birch bark or cloth, measuring about four finger-widths. In the center of the syllable praṃ, which is completely surrounded by eight hūṃ syllables in the cardinal and intermediate directions within that, one should write the mantra: Oṃ maṇidhari vajriṇi mahāpratisare hūṃ hūṃ phaṭ phaṭ [name] rakṣaṃ kuru svāhā. Outside of that, one should draw two surrounding stages with a space the size of a letter’s width, in which the two mantra garlands—Oṃ maṇidhari vajriṇi mahāpratisare hūṃ hūṃ phaṭ phaṭ rakṣa dhāriṇaṃ svāhā—are to be written in a clockwise direction.