༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་པྲ་ཏི་སཱ་རཱ་ཡཻ་བིདྱཱ་བི་དྷི་ནཱ་མ། བོད་སྐད་དུ། འཕགས་མ་སོ་སོར་འབྲང་མ་ཆེན་མོའི་རིག་པའི་ཆོ་ག་ཞེས་བྱ་བ། འཕགས་མ་སོ་སོར་འབྲང་མ་ཆེན་མོ་ལ་ཕྱག་འཚལ་ལོ། ། སངས་རྒྱས་ཐམས་ཅད་མངོན་དགའ་བའི། ། ཕྱག་འཚལ་སོ་སོར་འབྲང་མ་བཤད། ། སེམས་ཅན་ཐམས་ཅད་རྣམ་འབྱུང་བའི། ། དེ་ཡི་འཁོར་ལོ་བདག་གིས་བྲི། ། གཙང་མ་མཉམ་པར་གཞག་ཅིང་གཏོར་མ་ལ་སོགས་བྱིན་ལ། བསྐུམ་ཁྲུ་གང་གི་ཚད་ཀྱི་གྲོ་གའམ་རས་ལ་སོགས་པའི་གཞི་ལ། དང་པོ་རེ་ཞིག་སོར་བཞིའི་ཚད་ཀྱི་རིམ་པ་གཅིག་བྲིའོ། ། དེའི་དབུས་སུ་ཟླ་ཚེས་ཐིག་ལེས་བརྒྱན་པའི་ཧཱུཾ་བརྒྱད་ཀྱིས་བསྐོར་བའི་པྲཾ་ཡིག་གོ། ། དེའི་ནང་དུ་སྔགས། ཨོཾ་མ་ཎི་དྷ་རི་བཛྲི་ནི་མ་ཧཱ་པྲ་ཏི་སཱ་རེ་དྷ་རེ་ཀསྱཾ་རཀྵཾ་ཀུ་རུ་ཤཱནྟིཾ་པུཥྚིཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེའི་ཕྱིར་སོར་ཕྱེད་ཀྱི་རིམ་པ་གཉིས་ལ། དེ་ལ་དང་པོ་རིམ་པ་གཅིག་གི་སྔགས་ནི། ཨོཾ་མ་ཎི་ཞེས་པ་སྔར་གྱི་གཅིག་གོ། ། གཉིས་པ་ནི་དེ་ལྟར་རིམ་པར་བྱའོ། ། དེའི་ཕྱི་རོལ་དུ་སོར་གསུམ་གྱི་རིམ་པ་གཅིག་གོ། ། དེ་ལ་ཕྱོགས་བཞིར་རི་མོ་གཉིས་པའི་པདྨ་འདབ་མ་བཞི་པའི་མདུན་ལ་སོགས་པའི་ཕྱོགས་ཀྱི་རིམ་པར་རི་མོ་གཉིས་ཀྱི་མཚམས་སུ་སྔགས་ནི། ཨོཾ་བི་མ་ལེ་བི་པུ་ལེ་ཛ་ཡ་བ་རེ་ཨ་མྲྀ་ཏེ་དྷ་ར་རཀྵ་ཤཱནྟིཾ་པུཥྚིཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཡས་སུ་ཨོཾ་ཨ་མྲྀ་ཏེ་བི་ལོ་ཀི་ནི་གརྦྷ་སཾ་རཀྵ་ཎི་ཨཱ་ཀཪྵ་ཎི་དྷ་ར་ར་ཀ་སྱ་རཀྵ་ཤཱནྟིཾ་པུཥྚིཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། རྒྱབ་ཏུ། ཨོཾ་བྷཱ་ར་བྷཱ་ར། སཾ་བྷཱ་ར་སཾ་བྷཱ་ར།
In the language of India: Ārya-mahā-pratisarā-vidyā-vidhi-nāma. In the language of Tibet: ’Phags ma so sor ’brang ma chen mo’i rig pa’i cho ga zhes bya ba (The Ritual of the Knowledge-Mantra of the Noble Great Pratisarā). Homage to the Noble Great Pratisarā! I shall explain the Pratisarā, who is the joy of all Buddhas. I shall draw her wheel, which brings about the liberation of all sentient beings. Having become pure and composed, and having offered the torma and so forth, upon a base such as birch bark or cotton cloth measuring one cubit in length, one should first draw a single row measuring four finger-widths. In its center is the syllable Praṃ, adorned with a crescent moon and a bindu, and surrounded by eight Hūṃ syllables. Inside that is the mantra: Oṃ maṇidhari vajriṇi mahāpratisare dhare kasyaṃ rakṣaṃ kuru śāntiṃ puṣṭiṃ kuru hūṃ hūṃ phaṭ phaṭ svāhā. Outside of that, on two rows of half-finger-widths, the mantra for the first row is Oṃ maṇi, which is the same as the previous one. The second should be arranged in that same sequence. Outside of that is one row of three finger-widths. On that, in the four directions, there are four-petaled lotuses with two lines. In the sequence of directions starting from the front, at the junction of the two lines, the mantra is: Oṃ vimale vipule jayavare amṛte dhara rakṣa śāntiṃ puṣṭiṃ kuru hūṃ hūṃ phaṭ phaṭ svāhā. To the right: Oṃ amṛte vilokini garbhasaṃrakṣaṇi ākarṣaṇi dhara rakṣa kasya rakṣa śāntiṃ puṣṭiṃ kuru hūṃ hūṃ phaṭ phaṭ svāhā. Behind: Oṃ bhāra bhāra saṃbhāra saṃbhāra.