༄། ། སོ་སོར་འབྲང་མ་ཆེན་མོའི་སྲུང་བ་བཞུགས། ༄༅༅། ། སོ་སོར་འབྲང་མ་ལ་ཕྱག་འཚལ་ལོ། ། སྔར་བརྗོད་པའི་མཚན་ཉིད་ལྡན་པའི་བྱང་ཆུབ་སེམས་དཔའ་དང་པོ་རེ་ཞིག་སེམས་ཅན་སྐྱབས་མེད་པའི་ནད་པ་རྣམས་ལ་མངོན་པར་བལྟས་ནས་སྙིང་རྗེས་དེ་རྣམས་གསོ་བར་འདོད་པས་སྨྱུང་བར་གནས་པར་བྱ་སྟེ། ཉི་མ་ཤར་བའི་དུས་སུ་ཡིད་དུ་འོང་བའི་བླ་རེ་བྲེས་པས་མཛེས་པར་བྱས་པས་དྲི་ཞིམ་པོའི་མེ་ཏོག་བཀྲམ་པའི་ས་ཕྱོགས་སུ་ས་དང་ལྕི་བ་དག་གིས་འདོམ་པའི་ཚད་ཙམ་གྱིས། དཀྱིལ་འཁོར་གྲུ་བཞི་ཉེ་བར་བྱུགས་ནས། དེའི་དབུས་སུ་པདྨ་ལྔ་རྣམས་བྲི་བར་བྱའོ། ། དེ་ལ་དབུས་སུ་ཚོན་རྩི་དཀར་པོས་འདབ་མ་བརྒྱད་པའི་པདྨའི་ལྟེ་བའི་ཟླ་བ་ལ། འོད་ཟེར་དཀར་པོ་དང་ལྡན་པའི་རྩིབས་བརྒྱད་པ་སྟེ། ཕྱི་རོལ་དུ་འཁོར་ལོའི་ཕྲེང་བ་འཁྲིགས་པ་དང་ལྡན་པ་བྲི་བར་བྱའོ། ། དེ་ནས་ཤར་དང་ལྷོ་དང་ནུབ་དང་བྱང་རྣམས་སུ། རང་རང་ཇི་ལྟ་བའི་རྡུལ་ཚོན་རྣམས་ཀྱིས་དམར་པོ་དང་། ནག་པོ་དང་། དཀར་པོ་དང་། སེར་པོའི་པདྨ་འདབ་མ་བརྒྱད་པ་རྣམས་ལ་གོ་རིམ་ཇི་ལྟ་བར་རྡོ་རྗེ་དང་། རལ་གྲི་དང་། ཞགས་པ་དང་། གཡས་སུ་འཁྱིལ་པའི་དུང་རྣམས་དང་། སྔར་བརྗོད་པའི་ཁ་དོག་རང་རང་གི་འོད་ཟེར་དང་ལྡན་པ་བྲིས་ནས། དེའི་ཕྱི་རོལ་དུ་ཕྱོགས་དང་རྗེས་སུ་མཐུན་པར་ཁྱམས་གྲུ་བཞི་པ་ལ། རྡོ་རྗེ་དང་། རལ་གྲི་དང་། ཞགས་པ་དང་། གཡས་སུ་འཁྱིལ་པའི་དུང་གིས་བསྐོར་བར་བྲི་བར་བྱའོ། །
The Protection of Mahāpratisarā Homage to Mahāpratisarā! First, a bodhisattva possessing the previously described characteristics should gaze upon those helpless, sick sentient beings and, desiring to heal them through compassion, observe a fast. At the time of sunrise, in a place beautified by the hanging of a pleasing canopy and strewn with fragrant flowers, one should smear a square maṇḍala measuring one fathom with earth and cow dung. In the center of that, one should draw five lotuses. In the center, upon a moon at the hub of an eight-petaled lotus drawn with white pigment, one should draw an eight-spoked wheel possessing white rays of light, surrounded on the outside by a dense garland of wheels. Then, in the east, south, west, and north, one should draw eight-petaled lotuses in red, black, white, and yellow respectively, using their appropriate colored powders. Upon these, one should draw a vajra, a sword, a noose, and a right-spiraling conch, each possessing its own color and rays of light as previously described. Outside of that, in the square courtyard corresponding to the directions, one should draw a perimeter of vajras, swords, nooses, and right-spiraling conchs.