༄། ། བསིལ་བའི་ཚལ་ཆེན་མོའི་སྒྲུབ་ཐབས་བཞུགས། ༄༅། ། བསིལ་བའི་ཚལ་ཆེན་མོ་ནི། ཕྱག་བཞི་ཞལ་གཅིག་པ། ཁ་དོག་དམར་མོ། གཡས་པའི་ཕྱག་གཉིས་ན་ཕྲེང་བ་དང་མཆོག་སྦྱིན། གཡོན་པའི་ཕྱག་གཉིས་ན་རྡོ་རྗེ་ལྕགས་ཀྱུ་དང་། སྙིང་གར་གནས་པའི་པོ་ཏིའི་ཕྱག་མཚན་ནོ། ། ཛྲཾ་གི་ས་བོན་ཅན། སྣང་བ་མཐའ་ཡས་ཀྱི་དབུ་རྒྱན་ཅན། ན་བཟའ་དང་རྒྱན་དང་ལྡན་པ། ཉི་མའི་འོད་དང་གདན་ཅན་ཏེ་སྔར་བཞིན་ནོ། ། བསིལ་བའི་ཚལ་གྱི་སྒྲུབ་ཐབས་རྫོགས་སོ། ། ། ། ཨོཾ་ཨཱཿཔྲཾ་མ་ཧཱ་པྲ་ཏི་སཱ་རེ་ཧཱུཾ། ཨོཾ་ཨཱཿམཾ་མ་ཧཱ་མཱ་ཡཱུ་རི་ཧཱུཾ། ཨོཾ་དྷཱུཾ་མ་ཧཱ་ས་ཧ་སྲ་པྲ་མརྡ་ནི་ཧཱུཾ། ཨོཾ་ཨཱཿཧཱུཾ་མ་ཧཱ་མནྟྲ་ཨ་ནུ་ས་རི་ཧཱུཾ། ཨོཾ་ཨཱཿཧཱུཾ་མ་ཧཱ་ཤཱི་ཏ་བ་ནི་ཧཱུཾ། སློབ་དཔོན་ཆེན་པོ་ཛེ་ཏ་རི་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་རྫོགས་སོ། ། དང་པོ་དབུས་སུ་ལྔས་མཆོད། དེ་ནས་ཕྱོགས་བཞིར། ཡང་ཕྱོགས་མཚམས་ཀྱི་དབུས་སུ་མཆོད། དེ་ནས་གཟུངས་ལ། དེ་ནས་འཁོར་ལོ་ལ། ཐ་མར་ཡང་དབུས་ཕྱོགས་བཞིར་གཏང་རག་གི་མཆོད་པ་བྱ། དེ་རྣམས་ལ་འབྱོར་པ་ཡོད་ན་མཆོད་པ་ལྔ་(ཆན་,ཚན་)བཅུ་གསུམ་གྱིས་མཆོད་དོ། ། དེ་ལྟར་བྱས་པས་ནི་བེ་ཏེ་བཅུ་གསུམ་དགོས་སོ། ། ནས་ལ་སོགས་པ་བཞི་པོས་བསྐོར་ཞིང་བསྲེག་པ་ལན་གཉིས་ཀྱིས་ཆོ་ག་སྟེ། གཡས་གཡོན་གྱིས་ལན་རེའོ། །
The Sādhana of the Great Cool Grove (Mahāśītavatī) The Great Cool Grove has four arms and one face, and is red in color. Her two right hands hold a rosary and the gesture of supreme generosity (varada-mudrā); her two left hands hold a vajra hook and a volume of scripture at her heart. She has the seed syllable Jraṃ, is crowned by Amitābha, and is adorned with robes and ornaments. She possesses a sun-disc seat and light, as described previously. This concludes the Sādhana of the Cool Grove. Oṃ āḥ praṃ mahāpratisarāyai hūṃ. Oṃ āḥ maṃ mahāmāyūrī hūṃ. Oṃ dhūṃ mahāsāhasrapramardanī hūṃ. Oṃ āḥ hūṃ mahāmantrānusāriṇī hūṃ. Oṃ āḥ hūṃ mahāśītavatī hūṃ. This concludes the work composed by the great master Jetāri, the Victorious Over Enemies. First, make offerings in the center with five [sets]. Then, in the four directions. Again, make offerings in the center of the intermediate directions. Then, to the dhāraṇīs, and then to the wheel. Finally, perform the thanksgiving offerings in the center and the four directions. If one has the means, make offerings with thirteen sets of the five offerings. By doing so, thirteen beti [vessels] are required. The ritual consists of circling and burning with the four [substances] such as barley twice, once with the right and once with the left.