༄། ། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒྲུབ་ཐབས་བཞུགས། ༄༅། ། དེ་བཞིན་ཐམས་ཅད་སྔར་གྱི་ཆོ་གས་སྟོང་པ་ཉིད་ཀྱི་རྗེས་ལ། སྟོང་ཆེན་མོ་རབ་ཏུ་འཇོམས་མ་དཀར་མོ་ཞལ་གཅིག་ཕྱག་དྲུག་པ་སྟེ། གཡས་ཀྱི་ཕྱག་གསུམ་ན་གོ་རིམ་བཞིན་དུ་རལ་གྲི་དང་། མདའ་དང་མཆོག་སྦྱིན་པའོ། ། གཡོན་གྱི་ཕྱག་གསུམ་ན་གཞུ་དང་། ཞགས་པ་དང་སྟ་རེའོ། ། སྣ་ཚོགས་པའི་ཆ་བྱད་ཅན། ན་བཟའ་དང་། རྒྱན་དང་དབུ་རྒྱན་དང་ལྡན་པ། གཟུགས་དང་ལང་ཚོ་དང་ལྡན་པ། སྒེག་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། ས་བོན་བྲུཾ་ཡིག་ལས་བྱུང་བའོ། ། པདྨ་དང་ཟླ་བའི་འོད་ཅན་མོ། ། སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒྲུབ་ཐབས་རྫོགས་སོ། །
The Sādhana of Mahāśūnyatāvināśinī In the same manner, following the previous ritual procedure, after [the meditation on] emptiness, one arises as Mahāśūnyatāvināśinī, white in color, with one face and six arms. In her three right hands, she holds in sequence a sword, an arrow, and a gesture of supreme generosity. In her three left hands, she holds a bow, a noose, and an axe. She possesses various ornaments, is adorned with garments, jewelry, and a crown, and is endowed with beauty and youth. She possesses the qualities of the graceful gestures and so forth, has Vairocana as her crown ornament, and arises from the seed syllable BHRŪṂ. She is radiant with the light of a lotus and a moon. This concludes the Sādhana of Mahāśūnyatāvināśinī.