༄། ། རྨ་བྱ་ཆེན་མོའི་སྒྲུབ་ཐབས་བཞུགས། ༄༅། ། དེ་བཞིན་དུ་སྔར་བསྟན་པའི་ཆོ་གས་སྟོང་པ་ཉིད་ཀྱི་རྗེས་ལ་སྣ་ཚོགས་པདྨ་དང་ཟླ་བ་ལ། མཾ་ཡིག་ལྗང་གུ་ཡོངས་སུ་གྱུར་པ་ལས། འཕགས་མ་རྨ་བྱ་ཆེན་མོ་མདོག་ལྗང་གུ། ཞལ་གསུམ་པ། ཕྱག་དྲུག་པ། ཞལ་སོ་སོ་ལ་སྤྱན་གསུམ་པ་སྟེ། ཞལ་གཡས་དང་གཡོན་སྔོན་པོ་དང་དཀར་པོའོ། ། གཡས་ཀྱི་ཕྱག་གསུམ་ལ་གོ་རིམ་བཞིན་དུ་རྨ་བྱའི་མཇུག་སྒྲོ་དང་། མདའ་དང་མཆོག་སྦྱིན་པའོ། ། ཕྱག་གཡོན་པ་གསུམ་ན་རིན་པོ་ཆེའི་སྙེ་མ་དང་། གཞུ་དང་། ཕང་པར་གནས་པའི་བུམ་པའོ། ། སྣ་ཚོགས་པའི་རྒྱན་དང་ཤམ་ཐབས་ཅན། སྒེག་པ་ལང་ཚོ་ལ་བབ་པའི་ཆ་ལུགས་ཅན། ཟླ་བའི་འོད་དང་ལྡན་པའི་གདན་ཅན། ཕྱེད་ཀྱི་སྐྱིལ་ཀྲུང་ཅན། དོན་ཡོད་གྲུབ་པའི་དབུ་རྒྱན་ཅན་དུ་སྐད་ཅིག་གིས་བསྐྱེད་ལ། དེའི་སྤྱི་བོ་དང་། ལྐོག་མ་དང་། སྙིང་ག་དང་། ལྟེ་བ་རྣམས་སུ་ཟླ་བ་ལ་གོ་རིམ་ཇི་ལྟ་བར། ཨོཾ་ཨཱཿམཾ་ཧཱུཾ་ཞེས་པའི་ཡི་གེ་བསམས་ཏེ་སྤྲོ་བ་དང་བསྡུ་བ་བྱའོ། ། དེ་ནས་ངལ་ན་སྔགས་བཟླས་པར་བྱ་སྟེ། ཨོཾ་མ་ཧཱ་མཱ་ཡཱུ་རི་བིཏྱཱ་རཱ་ཛྙཱི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་པའོ། ། འཕགས་མ་རྨ་བྱ་ཆེན་མོའི་སྒྲུབ་ཐབས་རྫོགས་སོ། །
The Sādhana of Mahāmāyūrī In the same manner as previously taught, following the ritual of emptiness, upon a multicolored lotus and moon, the green syllable Māṃ completely transforms. From this, the Noble Mahāmāyūrī arises, green in color, with three faces and six arms. Each face has three eyes; the right and left faces are blue and white, respectively. In her three right hands, she holds in sequence a peacock’s tail feather, an arrow, and the gesture of supreme generosity (varada). In her three left hands, she holds a precious cluster of blossoms, a bow, and a vase resting on her lap. She is adorned with various ornaments and a lower garment, possessing the graceful appearance of youthful vigor. She sits upon a seat of moonlight in the half-lotus posture, crowned by Amoghasiddhi. Visualizing her instantaneously, one should contemplate the syllables Oṃ Āḥ Māṃ Hūṃ upon the moon disks at her crown, throat, heart, and navel in their proper order, and perform the radiation and reabsorption. Then, when weary, one should recite the mantra: Oṃ mahāmāyūrī vidyārājñī hūṃ hūṃ phaṭ phaṭ svāhā. The Sādhana of the Noble Mahāmāyūrī is complete.