༄། ། སོ་སོར་འབྲང་མའི་འཁོར་ལོ་བྲི་བའི་ཐབས་བཞུགས། ༄༅༅། ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། སངས་རྒྱས་ཀུན་གྱིས་མངོན་བསྟོད་པའི། ། སོ་སོར་འབྲང་མ་ལ་བཏུད་དེ། ། སེམས་ཅན་ཀུན་ལ་བསྲུང་བའི་ཕྱིར། ། དེ་ཡི་འཁོར་ལོ་བདག་གིས་བྲི། ། གཙང་ཞིང་ཤིན་ཏུ་མཉམ་པར་བཞག་པར་གྱུར་པས། གཏོར་མ་ལ་སོགས་པ་བྱིན་ལ། ཁུ་ཚུར་བཅས་པའི་ཁྲུ་གང་གི་ཚད་ཀྱི་རས་ལ་སོགས་པ་ལ་བྲི་བར་བྱ་བ་ནི། དང་པོར་རེ་ཞིག་སོར་བཞི་པའི་ཚད་ཀྱི་རིམ་པ་གཅིག་བྱས་ལ། དེའི་དབུས་སུ་ཟླ་བ་ཕྱེད་པས་བརྒྱན་པའི་ཧཱུཾ་བརྒྱད་ཀྱིས་བསྐོར་བའི་ཡི་གེ་པྲཾ་དེའི་དབུས་སུ་སྔགས་ཨོཾ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་སཱ་རེ་ཆེ་གེ་མོ་རཀྵ་རཀྵ་པུཥྚིཾ་ཤཱནྟིཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེའི་ཕྱི་རོལ་དུ་སོར་ཕྱེད་ཀྱི་ཚད་ཀྱི་རིམ་པ་གཉིས་བྱས་ལ། དེའི་རིམ་པ་དང་པོ་ལ་ཨོཾ་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏི་སཱ་རེ་ཆེ་གེ་མོ་རཀྵ་རཀྵ་པུཥྚིཾ་ཤཱནྟིཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ། དེ་བཞིན་དུ་བྱས་ལ་ལན་གཉིས་ཡང་ངོ་། ། རིམ་པ་གཉིས་པ་ལ་ཡང་དེ་བཞིན་དུའོ། ། དེའི་ཕྱི་རོལ་དུ་སོར་གསུམ་གྱི་ཚད་ལ་ནི་རིམ་པ་གཅིག་བྱས་ལ། དེའི་ཕྱོགས་བཞིར་རི་མོ་གཉིས་པའི་པདྨ་འདབ་མ་བཞི་པ། ཤར་ལ་སོགས་པའི་རིམ་གྱི་རི་མོ་གཉིས་ཀྱི་མཚམས་སུ་སྔགས། ཨོཾ་བི་མ་ལེ་བི་པུ་ལེ་ཛ་ཡ་ཝ་རེ་ཨ་མྲྀ་ཏ་ཆེ་གེ་མོ་ཤཱནྟིཾ་པུཥྚིཾ་རཀྵ་རཀྵ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གཉིས་པ་ལ། ཨོཾ་ཨ་མྲྀ་ཏེ་བི་ལོ་ཀི་ནི་གརྦྷ་སཾ་རཀྵ་ཎི་ཆེ་གེ་མོ་ཤཱནྟིཾ་པུཥྚིཾ་རཀྵ་རཀྵ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གསུམ་པ་ལ།
The Method for Drawing the Wheel of Mahāpratisarā Homage to the noble Mañjuśrī Kumārabhūta! I bow to Mahāpratisarā, who is praised by all the Buddhas. For the sake of protecting all sentient beings, I shall now describe the drawing of her wheel. Having become pure and remaining in a state of profound meditative equipoise, one should offer the torma and other offerings. Then, on a piece of cotton or similar material measuring one cubit with the fist clenched, one should draw as follows: First, create a square border measuring four finger-widths (aṅgula). In its center, place the syllable praṃ adorned with a half-moon and surrounded by eight hūṃ syllables. In the center of that, write the mantra: oṃ maṇidhari vajriṇi mahāpratisare amukaṃ rakṣa rakṣa puṣṭiṃ śāntiṃ kuru hūṃ hūṃ phaṭ phaṭ svāhā. Outside of that, create a second border measuring half a finger-width. On the first of these two rows, write: oṃ maṇidhari vajriṇi mahāpratisare amukaṃ rakṣa rakṣa puṣṭiṃ śāntiṃ kuru hūṃ hūṃ phaṭ phaṭ. Do this twice. The second row is done in the same way. Outside of that, create a third border measuring three finger-widths. In the four directions of that, draw four-petaled lotuses with two lines. In the spaces between the two lines in the sequence starting from the east and so forth, write the mantra: oṃ vimale vipule jayavare amṛte amukaṃ śāntiṃ puṣṭiṃ rakṣa rakṣa kuru hūṃ hūṃ phaṭ phaṭ svāhā. For the second [lotus], write: oṃ amṛte vilokini garbhasaṃrakṣaṇi amukaṃ śāntiṃ puṣṭiṃ rakṣa rakṣa kuru hūṃ hūṃ phaṭ phaṭ svāhā. For the third...