༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་པྲ་ཏིས་རེ་བིདྱཱ་ཙཀྲ་ནི་བཾ་དྷ་ནཾ། བོད་སྐད་དུ། འཕགས་མ་རིག་པ་ཆེན་མོ་སོ་སོར་འབྲང་མའི་འཁོར་ལོ། འགྲོ་བ་ཐམས་ཅད་ཀྱི་བསམ་པ་རྫོགས་པར་བྱེད་པའི་བཅོམ་ལྡན་འདས་སོ་སོར་འབྲང་མ་ལ་ཕྱག་འཚལ་ཏེ། གུས་པས་མདོ་ཡི་རྗེས་འབྲངས་ནས། ། རྒྱལ་བས་བསྟན་པའི་ལུས་བསྲུང་བ། ། འཁོར་ལོ་དེ་ཡི་མཚན་ཉིད་བརྗོད། ། དེ་ལ་དང་པོར་རེ་ཞིག་ཚེས་གྲངས་དང་རྒྱུ་སྐར་བཟང་པོ་ལ་སོགས་པའི་ཉི་མ་ལ་བབ་ནས་ཕྱོགས་གཙང་མ་ཡིད་དུ་འོང་བར་གཅི་བས་བྱུགས་ཏེ། རྟེན་བཞི་དང་ལྡན་པའི་བླ་རེ་བྲེས་ལ་རྡུལ་ཚོན་དཀར་པོའི་དཀྱིལ་འཁོར་བཞེངས་ཏེ། པདྨ་འདབ་མ་བརྒྱད་པ་ལྟེ་བ་དང་གེ་སར་བཅས་པའི་དབུས་སུ་འཁོར་ལོའི་མཚན་མའོ། ། ནང་དང་ཕྱི་རོལ་དུ་འཁོར་ལོའི་ཕྲེང་བས་བསྐོར་བར་བྱའོ། ། དེ་ནས་ཕྱོགས་སུ་ནག་པོ་ལ་སོགས་པའི་སྐྱོན་དང་བྲལ་བ། དྲི་ཞིམ་པོའི་ཆུས་ཡོངས་སུ་བཀང་ལ། རས་བཟང་པོས་མགུལ་པ་དཀྲིས་པ། ཙུ་ཏའི་ལོ་མ་དང་བཅས་པ། འབྲས་བུ་ལྔ་དང་། ཤིང་སྣ་ལྔ་ལྟོ་བར་བཅུག་པའི་བུམ་པ་ལྔ་རྣམས་ཡང་དག་པར་གཞག་པར་བྱའོ། ། ལྔ་པ་དཀྱིལ་འཁོར་གྱི་དབུས་སོ། ། དེ་རྣམས་ཀྱི་སྟེང་དུ་འོ་ཐུག་གི་ཕོར་བ་གཞག་པར་བྱ་ཞིང་། ཤར་དུ་འོ་མ། ལྷོར་སྦྲང་རྩི། ནུབ་ཏུ་ཤ་ཀ་ར། བྱང་དུ་མར་མེ་སྟེ་ཁམ་ཕོར་གང་བ་རེ་རེ་གཞག་པར་བྱའོ། ། མཚམས་སུ་དྲི་ཞིམ་པོས་གང་བའི་ཁམ་ཕོར་བཞི་གཞག་པར་བྱའོ། ། དེའི་ཕྱི་རོལ་དུ་ཕྱོགས་བཞིར་སོར་བརྒྱད་ཀྱི་ཚད་ཙམ་ཙནྡན་དམར་པོས་ཡོངས་སུ་བསྒོས་པའི་སྐུད་པ་དམར་པོ་ཡོངས་སུ་བཅིངས་པའི་སེང་ལྡེང་གི་ཕུར་པ་བཙུགས་ཏེ། ཡུངས་ཀར་དང་།
In the language of India: Ārya-mahāpratisarā-vidyā-cakra-nibandhanam. In the language of Tibet: ’Phags-ma rig-pa chen-mo so-sor ’brang-ma’i ’khor-lo (The Wheel of the Noble Great Knowledge, the Pratisarā). Homage to the Blessed One, the Pratisarā, who fulfills the intentions of all wandering beings. Following the Sūtra with devotion, I shall describe the characteristics of that wheel, which protects the body as taught by the Victor. First, on an auspicious day determined by the lunar date and constellations, one should smear a clean and pleasing location with cow dung. Having hung a canopy supported by four pillars, one should construct a maṇḍala with white colored powder. In the center of an eight-petaled lotus, complete with a hub and filaments, is the symbol of the wheel. It should be surrounded by a garland of wheels both inside and out. Then, in the cardinal directions, one should properly place five vases that are free from defects such as blackness, filled with fragrant water, their necks wrapped with fine cloth, and containing the leaves of the cūta tree, the five fruits, and the five types of wood inserted into their bellies. The fifth is in the center of the maṇḍala. Upon these, one should place a bowl of milk porridge; to the east, a bowl full of milk; to the south, honey; to the west, sugar; and to the north, a lamp—each placed in a clay bowl. In the intermediate directions, one should place four clay bowls filled with fragrant substances. Outside of that, in the four directions, one should plant khadira wood stakes tied with red thread thoroughly smeared with red sandalwood, each measuring eight finger-widths in length, and [scatter] white mustard seeds.