༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་སི་ཏཱ་ཏ་པ་ཏྲེ་ཨ་པ་རཱ་ཛི་ཏ་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་གདུགས་དཀར་མོ་ཅན་གཞན་གྱིས་མི་ཐུབ་པ་སྒྲུབ་པའི་ཐབས། གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། དང་པོར་ཐོ་རངས་ལངས་ཏེ། བྱང་ཆུབ་ཀྱི་སེམས་དྲན་པར་བྱས་ལ། རང་ཐ་མལ་པའི་སྙིང་ག་ཕྱེ་བའི་སྟེང་དུ་ཟླ་བ་ཉ་བ་ལ་ཨོཾ་དཀར་པོ་བསམས་ཏེ། དེའི་འོད་ཀྱིས་རང་གི་སྡིག་པ་དག་པ་དང་། ཁ་དང་བ་སྤུའི་བུ་ག་ནས་འཐོན་ཏེ། སེམས་ཅན་གྱི་དོན་བྱས་ཤིང་། འོག་མིན་ནས་གདུགས་དཀར་མོ་ཅན། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔས་བསྐོར་བ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ཏེ། ཕྱག་འཚལ་བ་དང་མཆོད་པ་དང་། སྡིག་པ་བཤགས་པ་དང་། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང་། སྐྱབས་སུ་འགྲོ་བ་དང་། ལམ་བསྟེན་པ་དང་། སེམས་བསྐྱེད་དེ། ཡན་ལག་ལྔ་པ་བྱས་ལ། དེའི་བསོད་ནམས་བྱང་ཆུབ་ཏུ་བསྔོ་བར་བྱའོ། ། དེ་ནས་བྱམས་སྙིང་རྗེ་དགའ་བ་བཏང་སྙོམས་བསྒོམ་པར་བྱའོ། ། དེ་ནས་སྣོད་བཅུད་མ་ལུས་པ་བསྡུས་ཏེ། སྟོང་པ་ཉིད་དམིགས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་དོ། ། དེའི་རྗེས་སུ་པཾ་ལས་པདྨའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་དམིགས་ལ། དེའི་སྟེང་དུ་ཨོཾ་དཀར་པོ་དང་བཅས་པར་གྱུར་པ་ལས། གདུགས་དཀར་མོ་ཅན་གྱི་སྐུ་བསམ་སྟེ། ཞལ་གསུམ་པ་ལ་ཕྱག་དྲུག་མ། ། སྐུ་མདོག་དཀར་མོ་འགྱིང་བག་ཅན། ། དབུས་དཀར་གཡས་སྔོ་གཡོན་དམར་ཞལ། ། སྤྱན་གསུམ་ཁྲོ་མོའི་ལྟ་སྟངས་ཅན། ། གཡས་པ་འཁོར་ལོ་ལྕགས་ཀྱུ་མདའ། ། གཡོན་པ་རྡོ་རྗེ་དཀར་པོ་གཞུ། ། ཞགས་པ་དང་བཅས་སྡིགས་མཛུབ་ཉིད། །
In the language of India: Ārya-sitātapatrā-aparājitā-sādhana. In the language of Tibet: ’Phags ma gdugs dkar mo can gzhan gyis mi thub pa sgrub pa’i thabs. Homage to the Lord of Secrets, Vajrapāṇi. First, having risen at dawn, one should bring to mind the bodhicitta. Visualizing oneself in ordinary form, one should imagine a white OṂ upon a full moon at the center of an opened heart. Through its light, one’s own misdeeds are purified; it emerges from the mouth and the pores of the skin, accomplishing the welfare of sentient beings. From Akaniṣṭha, one invites the Noble Sitātapatrā, surrounded by gurus, buddhas, and bodhisattvas, into the space before one. One should then perform the five branches: prostration, offering, confession of misdeeds, rejoicing in merit, taking refuge, adopting the path, and generating the bodhicitta. Having performed these, one should dedicate that merit toward enlightenment. Then, one should meditate on love, compassion, joy, and equanimity. Following that, one should dissolve the entire environment and its inhabitants without exception and focus on emptiness, reciting: OṂ ŚŪNYATĀ-JÑĀNA-VAJRA-SVABHĀVA-ĀTMAKO ’HAṂ. After that, from PAṂ, visualize a lotus, and upon it, from A, a moon maṇḍala. Upon that, from the transformation of a white OṂ, visualize the body of Sitātapatrā. She has three faces and six arms, her body white and majestic. Her central face is white, the right blue, and the left red. She has three eyes and a wrathful gaze. Her right hands hold a wheel, a hook, and an arrow; her left hands hold a white vajra, a bow, and a noose with the threatening gesture.