༄༅༅། ། རྒྱ་གར་སྐད་དུ། པྲ་ཏིཥྛཱ་བི་དྷི་ནཱ་མ། བོད་སྐད་དུ། རབ་ཏུ་གནས་པའི་ཆོ་ག་ཞེས་བྱ་བ། འཕགས་མ་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ། ། བླ་མ་རྗེ་བཙུན་སྤྲུལ་པ་ཡི། ། རང་བཞིན་ལྷ་མོ་གུས་བཏུད་དེ། ། རབ་གནས་ཆོ་ག་བསྡུས་པ་ཡི། ། མན་ངག་རིམ་པ་བྲི་བར་བྱ། ། དེ་ལ་གང་ཟག་ཐམས་ཅད་ལ། ། རབ་གནས་འཐད་པ་མ་ཡིན་ཏེ། ། སྐྱེ་བ་མེད་པའི་ངོ་བོ་ལ། ། གང་གིས་གང་ལ་ཇི་ལྟར་ནི། ། རབ་ཏུ་གནས་པར་བྱ་བ་ཡོད། ། ཀུན་རྫོབ་ལ་ཡང་གནས་པས་ནི། ། དེ་ཡི་བྱིན་རླབས་མི་ཤེས་པས། ། རབ་གནས་ཆོ་ག་འཐད་པ་མིན། ། ལས་དང་པོ་ཡི་རྣལ་འབྱོར་ལ། ། རྒྱུད་སྦྱངས་དད་དང་ངེས་བསྐྱེད་ཕྱིར། ། རབ་ཏུ་གནས་པ་བྱ་བར་གསུངས། ། དེ་ལ་དང་པོར་སློབ་མ་ཡིས། ། གཞི་དང་རྫས་རྣམས་ཚོགས་གྱུར་ནས། ། མཚན་ཉིད་ལྡན་པའི་བླ་མ་ལ། ། ལན་གསུམ་བར་དུ་གསོལ་བ་གདབ། ། གནང་བ་བྱིན་ལ་བླ་མ་ཡིས། ། བསྙེན་པའི་ཆོ་ག་བརྩམ་པར་བྱ། ། རབ་འབྲིང་རྟགས་དང་ལྡན་པས་ནི། ། སྟ་གོན་ཆོ་ག་ལ་འབད་བྱ། ། ས་ཆོག་ལ་སོགས་སྔོན་འགྲོ་སའི། ། དཀྱིལ་འཁོར་ཁྲུས་ཀྱི་སྟེགས་བུ་དག། བསྟར་བ་བ་ཡི་རྣམ་ལྔས་བྱུག། བརྟན་མའི་ཆོ་ག་ཡན་ལག་བྱ། ། དེ་ནས་བུམ་པ་མཚན་ཉིད་ལྡན། ། བཀྲུ་དང་བརྒྱན་པ་ལ་སོགས་བྱ། ། རང་རང་མཚན་མ་བཀོད་ལ་གཞག། བསྐྱེད་དང་བཟླས་པ་རྫོགས་པར་བྱ། ། རྣམ་རྒྱལ་བུམ་པར་ཆུ་བསྡུས་ལ། ། གཟུངས་ཐག་རྡོ་རྗེས་བཟུང་ལ་གཞག། དེ་ནས་མཆོད་བསྟོད་རྒྱས་པར་བྱའོ། ། བུམ་པ་སྟ་གོན་བྱ་བའོ། ། ཟླ་བ་དྲུག་དང་གཟའ་བཞི་དང་། ། རྒྱུ་སྐར་བཅུ་བཞི་ལ་བབ་དང་། ། ཚེས་གྲངས་བདུན་གྱི་གྲངས་ཉིད་ལ། །
In the language of India: Pratiṣṭhāvidhi-nāma. In the language of Tibet: Rab tu gnas pa’i cho ga zhes bya ba (The Ritual of Consecration). Homage to the Noble Goddess Sitātapatrā, who emerged from the Uṣṇīṣa. Bowing with devotion to the goddess, the nature of the emanation of the venerable Guru, I shall write the stages of the pith instructions for the concise ritual of consecration. In that regard, consecration is not appropriate for all individuals; for that which is of an unborn essence, by whom, of what, and in what manner could there be a consecration? Even if one were to consecrate the conventional, since its blessing would not be known, the ritual of consecration would not be appropriate. However, for the yogi who is a beginner, in order to purify the continuum and generate faith and certainty, it is taught that consecration should be performed. In that regard, first the disciple, having gathered the site and the ritual substances, should make the request three times to the qualified Guru. Having granted permission, the Guru should commence the ritual of the approach (sevā). Possessing the superior or middling signs, one should strive in the ritual of the preparatory stage (sādhana). Having performed the preliminary rites such as the ritual of the site, one should prepare the maṇḍala and the bathing platform, anointing them with the five products of a cow. One should perform the branch rituals of the Bstan ma goddesses. Then, the vases possessing the required characteristics should be washed, adorned, and so forth. Having arranged their respective symbols, they should be set out. One should complete the generation and the recitation. Having collected the water in the victory vase (vijaya-kalaśa), one should place it while holding the dhāraṇī-cord with a vajra. Then, one should perform the offerings and praises extensively. This is the preparatory stage of the vases. On the sixth month, the four planets, the fourteen lunar mansions, and on the seventh lunar day itself—