#༄༅༅། ། འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པའི་གཟུངས་བཀླག་ཅིང་མཆོད་རྟེན་བརྒྱ་རྩ་བརྒྱད་དམ། མཆོད་རྟེན་ལྔ་གདབ་པའི་ཆོ་ག་མདོ་སྡེ་ལས་བཏུས་པ། གཙུག་ཏོར་དྲི་མ་མེད་པར་སྣང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེའི་གཟུངས་བཟླས་ཤིང་མཆོད་རྟེན་གདབ་པའི་ཐབས་ལ། དེར་གཏོགས་པ་ཐམས་ཅད་ཕྱིའི་ཁྲུས་ཀྱང་བྱ། མགོ་མཇུག་ཀུན་དུ་གནོད་སེམས་དང་བརྣབ་སེམས་དང་། མ་དད་པ་དང་། ལེ་ལོ་དང་། གཉིད་ལ་སོགས་པ་ཉོན་མོངས་པའི་སྐྱོན་དང་། སེམས་མ་འདྲེས་པར་བསྡོམ་ཞིང་གནོད་པ་དང་། འཚེ་བའི་ལས་ངན་པ་མ་ཤོར་བར་བྱ། དཀོན་མཆོག་གསུམ་གྱི་ཡོན་ཏན་གྱི་མཐུའི་ཁྱད་པར་དང་། མདོ་སྡེའི་ཕན་ཡོན་ལ་ཡིད་ཆེས་པ་དང་། དད་ཅིང་གུས་པ་ཆེར་བསྐྱེད། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་ཆེར་བསྐྱེད་དོ། ། ཁྱིམ་པ་ཞིག་ཡིན་ན་བསྙེན་གནས་ཀྱི་ཁྲིམས་བཟུང་། དེ་ནས་མཆོད་རྟེན་གདབ་པའི་ཡོ་བྱད་རྣམས་བཤམས་ལ། འཇིམ་པ་བརྐོ་བ་ནས་གདབ་ཅིང་དཀྱིལ་འཁོར་ལ་བཞག་པའི་བར་དུ་མཆོད་རྟེན་གྱི་ཆོ་ག་བཞིན་ནང་པར་སྔ་#དྲོ་ཐེབས་པར་བྱ། མཆོད་པའི་ཆོ་ག་དང་ཡོ་བྱད་བཤམ་པ་ཡན་ཆད་ལེགས་པར་བགྱིའོ། ། མཆོད་རྟེན་འདེབས་པའི་ཟླ་བ་ལ་ཆོས་ཀྱི་སྦྱིན་པ་དང་། འཕགས་པ་རྣམས་ཀྱི་ཐུགས་དམ་བསྐུལ་བར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གསེར་འོད་དམ་པ་དང་། རིན་པོ་ཆེའི་ཏོག་དང་། གཙུག་ན་རིན་པོ་ཆེ་དང་། གཙུག་ཏོར་དྲི་མ་མེད་པར་སྣང་བའི་གཟུངས་ཀྱི་མདོ་སྡེ་ཚར་ཕྱིན་རྒྱུན་མི་འཆད་པར་བཀླག། ཡིད་བཞིན་གྱི་ནོར་བུའི་གཟུངས་རྣམ་གཉིས་ཀྱི་འཛབ་གྲྭ་གཅིག་ཀྱང་བཟླས།
The Ritual for Reciting the Ārya-sarvato-mukha-praveśa-raśmi-vimaloṣṇīṣa-dhāraṇī and Erecting One Hundred and Eight or Five Stūpas, Compiled from the Sūtras. Regarding the method for reciting the Vimaloṣṇīṣa-virocana-cintāmaṇi-ratna-dhāraṇī and erecting stūpas: one should perform the external ablutions for all those involved. Throughout the entire process, one must restrain the mind from the defects of the afflictions—such as malice, covetousness, lack of faith, laziness, and sleep—and ensure that harmful or injurious negative actions do not escape. One should develop great conviction in the specific power of the qualities of the Three Jewels and the benefits of the sūtras, and generate intense faith and respect. One should also cultivate great love and compassion for all sentient beings. If one is a layperson, one should observe the one-day precepts (upoṣadha). Then, having arranged the materials for erecting the stūpas, one should complete the stūpa ritual—from digging the clay to placing it upon the maṇḍala—by the morning of the following day. One should properly perform everything up to the ritual of the offerings and the arrangement of the requisites. During the month of erecting the stūpas, one should give the gift of Dharma and, to exhort the Noble Ones, read continuously and without interruption the Prajñāpāramitā, the Suvarṇaprabhāsa, the Ratnaketu, the Ratnacūḍa, and the Vimaloṣṇīṣa-virocana-dhāraṇī-sūtra. One should also recite the mantra sessions of the two Cintāmaṇi-dhāraṇīs.