༄༅༅། ། རྒྱ་གར་སྐད་དུ། ཤུཀླ་ཙཎྜ་མ་ཧཱ་རོ་ཥ་ཎ་སཱ་དྷ་ནཾ། བོད་སྐད་དུ། གཏུམ་པོ་དཀར་པོ་ཆེན་པོའི་སྒྲུབ་ཐབས། གཏུམ་པོ་ཁྲོ་བོ་ཆེན་པོ་ལ་ཕྱག་འཚལ་ལོ། ། སྔགས་པས་རེ་ཞིག་ཐོག་མར་སྟོང་པ་ཉིད་བསྒོམས་ཏེ། དེའི་ངང་ལས་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ་ཞལ་གཅིག་ཕྱག་གཉིས་པ་སྐུ་མདོག་དཀར་པོ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། རིན་པོ་ཆེའི་ཅོད་པན་ཅན། ཕྱག་གཡས་པ་རལ་གྲི་སྤྱི་བོར་འཕྱར་བ། གཡོན་པ་སྡིགས་མཛུབ་དང་བཅས་པའི་ཞགས་པ་སྙིང་གར་འཛིན་པ། ཞབས་གཡས་པ་ཙོག་པུར་བཞུགས་ཤིང་། གཡོན་པའི་པུས་མོ་ཉི་མའི་དཀྱིལ་འཁོར་ལ་རབ་ཏུ་བཙུགས་པ། ལྷའི་ན་བཟའ་གོས་སུ་གྱོན་པ། སྙིང་གར་སྣ་ཚོགས་པདྨ་དང་ཉི་མའི་དབུས་སུ་ཡི་གེ་ཧཱུྃ་ལ་ཡི་གེ་དགུས་བསྐོར་བ་དང་བཅས་པའི་བཅོམ་ལྡན་འདས་བསྒོམ་པར་བྱའོ། ། དེའི་མདུན་དུ་དེ་དང་ཁ་སྦྱོར་ཞིང་ཡང་དེ་ཁོ་ན་དང་འདྲ་བའི་བཅོམ་ལྡན་འདས་གཉིས་པ་བསྒོམ་པར་བྱའོ། ། དེའི་རྗེས་སུ་རང་གི་སྙིང་གའི་སྔགས་ལས་འཕྲོས་པའི་སྔགས་ཀྱི་ཕྲེང་བ་རང་གི་ཁ་ནས་མདུན་གྱི་བཅོམ་ལྡན་འདས་ཀྱི་ཞལ་དུ་ཞུགས་ཤིང་དེའི་ལྟེ་བ་ནས་རང་གི་ལྟེ་བར་ཞུགས་ཤིང་ཡང་རང་གི་སྙིང་གར་འཐོན་ནས་དེ་ཁོ་ན་བཞིན་འཁོར་བར་བསྒོམ་པར་བྱའོ། ། བཟླས་པའི་ཚེ་རང་གི་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་བདུད་རྩི་དང་། ཟླ་བ་དང་། སྐར་མ་དང་། སྨན་དང་། སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་ནུས་པ་དང་། རིག་པ་ལ་སོགས་པ་ལ་མཁས་པའི་ཡོན་ཏན་དང་། གཞན་ཟིལ་གྱིས་གནོན་པའི་རྩོད་པ་དང་།
In the language of India: Śuklacanda-mahāroṣaṇa-sādhana. In the language of Tibet: The Sādhana of the Great White Caṇḍa. Homage to the Great Wrathful Caṇḍa. First, the mantra practitioner should meditate on emptiness. From within that state, upon a multicolored lotus and a sun disk, he should meditate on the Blessed One, who has one face and two arms, is white in color, and is adorned with various precious ornaments and a jeweled crown. His right hand brandishes a sword above his head, and his left hand holds a lasso with the threatening gesture at his heart. He sits with his right leg tucked in and his left knee firmly planted upon the sun disk. He is clothed in divine garments. In the center of a multicolored lotus and sun disk at his heart, one should meditate on the syllable HŪṂ surrounded by nine syllables. In front of him, one should meditate on a second Blessed One, identical to the first, in union with him. Following that, one should meditate on the mantra garland emanating from the mantra at one’s own heart, entering the mouth of the Blessed One in front, exiting from his navel, entering one’s own navel, and then emerging from one’s own heart, circling in that very manner. At the time of recitation, through the light rays of the HŪṂ at one’s heart, one should draw in the wisdom nectar of the Buddhas and Bodhisattvas, the moon, the stars, medicinal herbs, the power of the sixty-four arts, the qualities of expertise in knowledge and so forth, and the debating skills that outshine others.