༄༅༅། ། རྒྱ་གར་སྐད་དུ། ཙཎྜ་མ་ཧཱ་རོ་ཥ་ཎ་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ཁྲོ་བོ་གཏུམ་པོ་ཆེན་པོའི་སྒྲུབ་ཐབས་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། ། པུས་མོ་ས་ལ་བཙུགས་ཤིང་གཡས་པའི་ཕྱག་ན་རལ་གྲི་བསྣམས། ། དེ་ལས་གཞན་པའི་ཕྱག་ནི་སྡིགས་མཛུབ་ཞགས་པ་དང་འབྲེལ་ཞིང་། ། སྲ་ཞིང་མཁྲེགས་པའི་སྐུ་མངའ་ཉི་མ་ལྟ་བུར་གཏུམ་པའི་སྤྱན། ། བགེགས་རྣམས་འཇོམས་པའི་མི་གཡོ་སྲིད་བགེགས་ཞི་བྱེད་ཤོག། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང་། ། བྱང་ཆུབ་སེམས་དཔའ་ཚོགས་བཅས་པ། ། དེ་ལ་མེ་ཏོག་ལ་སོགས་པའི། ། མཆོད་པ་ལ་སོགས་བློས་བྱས་ནས། ། སེམས་ཅན་སྡུག་བསྔལ་ལས་བསྐྱབ་ཕྱིར། ། བདག་གི་ལུས་འདི་དབུལ་བར་བྱ། ། དགེ་བ་འཕེལ་ཕྱིར་བསྔགས་པ་ཡིས། ། སྡིག་པ་དག་ནི་བཤགས་པར་བྱའོ། ། དེ་ནས་རྫོགས་པའི་སངས་རྒྱས་དང་། ། བྱང་ཆུབ་སེམས་དཔའི་ཚོགས་དང་ནི། ། སློབ་མ་སློབ་སོགས་སེམས་ཅན་གྱི། ། བསོད་ནམས་ཀུན་ལ་རྗེས་ཡི་རང་། ། དཀོན་མཆོག་གསུམ་ལ་སྐྱབས་སོང་ཞིང་། ། བྱང་ཆུབ་ཏུ་ནི་སེམས་བརྟན་ནས། ། རིམ་པ་བཞིན་དུ་ཚངས་པའི་གནས། ། བཞི་པོ་ཡང་ནི་བསྒོམ་པར་བྱ། ། དེའི་མཚན་བྲལ་བས་སྟོང་པ་སྟེ། ། རྒྱུ་མེད་པས་ན་མཚན་མ་མེད། ། རང་བཞིན་གྱིས་ནི་དངོས་པོ་རྣམས། ། སྨན་པ་དང་ནི་བསྒོམ་པར་བྱ། ། དེ་ནས་པདྨ་ཉི་དབུས་སུ། ། ཧཱུྃ་ལས་བྱུང་བ་བསྒོམ་བྱ་སྟེ། ། དཔའ་བོ་སྤྱན་གཉིས་རབ་དམར་ཞིང་། ། ཕྱག་གཉིས་རིན་ཆེན་ཅོད་པན་ཅན། ། དེ་མ་ཐག་ཏུ་སྡིག་འཇོམས་མགོན། ། ཇི་ལྟར་འདོད་པ་རྫོགས་བྱེད་ཅིང་། ། ཨ་ཏྲ་སི་ཡི་མེ་ཏོག་མཚུངས། །
In the language of India: Caṇḍamahāroṣaṇasādhana-nāma. In the language of Tibet: Khro bo gtum po chen po’i sgrub thabs zhes bya ba. Homage to the Blessed One Mañjuvajra! Kneeling with the right knee on the ground, holding a sword in the right hand, while the other hand is joined with a noose and the threatening gesture; possessing a firm and sturdy body, with eyes as fierce as the sun—may the Immovable One, who subdues obstructors, pacify the obstacles of existence! Having mentally performed offerings such as flowers and so forth to the Buddhas residing in the ten directions along with the assembly of Bodhisattvas, I shall offer this body of mine in order to protect sentient beings from suffering. Through the praise that increases virtue, I shall confess all misdeeds. Then, I rejoice in all the merit of the perfect Buddhas, the assembly of Bodhisattvas, and all sentient beings, including disciples and those in training. Having gone for refuge to the Three Jewels and stabilized the mind in the spirit of enlightenment, one should meditate in sequence upon the four Brahma-abodes. That which is free from characteristics is emptiness; because it is without cause, it is signless. One should meditate on all things as being naturally devoid of intrinsic reality. Then, in the center of a lotus and sun disk, one should meditate on the one arisen from the syllable HŪṂ. The Hero has two eyes that are intensely red, and his two hands hold a jeweled crown. Immediately, the Protector who destroys misdeeds fulfills all desires, resembling the Atasi flower.