༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་ཨ་#ཙ་ལ་ཀྲོ་དྷ་རཱ་ཛ་སྟོ་#ཏྲ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་ལ་བསྟོད་པ། བཅོམ་ལྡན་འདས་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། ། ཐུགས་རྗེའི་བདག་ཉིད་ཁྲོ་རྒྱལ་བརྟན་པའི་སྐུ། ། བརྐྱང་བསྐུམ་ཐབས་ལས་བྱུང་བའི་ཁྲོ་རྒྱལ་དང་། ། བཅས་ཏེ་ནམ་མཁའི་འོད་ཀྱི་དཀྱིལ་ན་བཞུགས། ། ཚངས་པ་ལ་སོགས་འབུམ་ནི་སྐྲག་བྱེད་པ། ། ཉོན་མོངས་ཉེ་བའི་ཉོན་མོངས་རྣམས་དང་ནི། ། ཀླུ་དང་གནོད་སྦྱིན་ཤ་ཟ་ཡི་དྭགས་སོགས། ། འབྱུང་པོའི་ཚོགས་རྣམས་མ་ལུས་སྐྲག་མཛད་པ། ། ཁྲོ་རྒྱལ་ཁྱོད་ལ་བདག་ནི་སྐྱབས་སུ་མཆི། ། སྣ་ཚོགས་པདྨ་ཉི་ཟླའི་གདན་ལ་བཞུགས། ། ཕྱག་གཡས་རལ་གྲི་འཕྱར་བས་#མ་རུངས་འདུལ། ། རྣམ་རྟོག་འཇོམས་ཤིང་རབ་ཏུ་གྲིམས་པའི་སྐུ། ། སྐུ་མདོག་མཐིང་ནག་ཆར་སྤྲིན་ནག་པོ་འདྲ། ། དབུ་སྐྲ་ཨརྫ་ཀ་ཡི་འབྲས་བུ་འདྲ། ། སྐུ་ནི་ཤིང་མཆོག་ཡོངས་འདུ་ས་བརྟོལ་འདྲ། ། ཞབས་གཉིས་བརྐྱང་བསྐུམ་#གྱད་ཀྱིས་ཁྲོས་ཁྲོས་འདྲ། ། ལྷ་མཆོག་ཁྱོད་ལ་བདག་ནི་སྐྱབས་སུ་མཆི། ། སྤྱན་མིག་པ་ལ་ཤ་ཡི་མེ་ཏོག་འདྲ། ། མཆེ་བ་གཙིགས་པ་ཟླ་བ་ཚེས་པ་འདྲ། ། ལྗགས་འགྱུར་བ་ནི་ནམ་མཁའི་གློག་དང་འདྲ། ། སྨིན་མའི་ཁྲོ་གཉེར་བྲིག་ཤའི་ལོ་མ་འདྲ། ། རལ་གྲི་ཟླ་ཚེས་མཚོར་ལྷུང་འོད་དང་འདྲ། ། སྦྲུལ་གྱི་ཞགས་པ་རྒྱ་མཚོའི་དབའ་#རླབས་འདྲ། ། སྐུ་ཡིས་ཕྱོགས་སྐྱོང་དབང་སྡུད་མ་རུངས་འདུལ། ། ཁྲོ་རྒྱལ་མི་གཡོ་མགོན་ལ་ཕྱག་འཚལ་ལོ། ། བགེགས་དང་ལོག་འདྲེན་མ་ལུས་ཞི་མཛད་ཅིང་། ། འབྱུང་པོའི་འཁྲུགས་སོགས་ནད་རྣམས་ཞི་མཛད་པ། །
In the language of India: Ārya-acala-krodha-rāja-stotra. In the language of Tibet: Khro bo'i rgyal po 'phags pa mi g.yo ba la bstod pa (Praise to the Noble Wrathful King Acala). Homage to the Blessed One Akṣobhya. Lord of compassion, wrathful king with a steadfast body, together with the wrathful king arisen from the method of the extended and tucked legs, you dwell in the center of the light of space. You who terrify hundreds of thousands, including Brahmā and the rest, and who cause all the hosts of spirits without exception—the afflictions and secondary afflictions, the nāgas, yakṣas, piśācas, pretas, and so forth—to tremble: to you, the wrathful king, I go for refuge. Seated upon a variegated lotus and the seats of the sun and moon, your right hand brandishes a sword to subdue the wicked. Your body is utterly taut, destroying conceptual thought; your body color is dark blue, like a black rain cloud. Your hair is like the fruit of the arjaka tree; your body is like the supreme tree, the sa-btol (the wish-fulfilling tree). Your two legs, extended and tucked, are like a powerful athlete in a state of rage. To you, the supreme deity, I go for refuge. Your eyes are like the palāśa flower; your bared fangs are like the crescent moon. Your flickering tongue is like lightning in the sky; the frown of your brows is like the leaves of the brig-sha tree. Your sword is like the light of the crescent moon fallen into a lake; your snake-noose is like the waves of the ocean. With your body, you subjugate the world-protectors and tame the wicked. Homage to the protector, the wrathful king Acala. You who pacify all obstacles and misleading spirits without exception, and who pacify the diseases and disturbances of elemental spirits.