༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་ཨ་ཙ་ལ་ཀྲོ་དྷ་རཱ་ཛ་སྟོ་ཏྲ། བོད་སྐད་དུ། ཁྲོ་བོའི་རྒྱལ་པོ་འཕགས་པ་མི་གཡོ་བ་ལ་བསྟོད་པ། ཁྲོ་བོའི་རྒྱལ་པོ་མི་གཡོ་བ་ལ་ཕྱག་འཚལ་ལོ། ། མི་གཡོ་ཞེས་བྱའི་ཁྲོ་བོ་ནི། ། རལ་གྲི་ཞགས་པ་ལེགས་པར་ཐོགས། ། སྤྱི་བོའི་ཟུར་ཕུད་གཡོན་དུ་འཁྱིལ། ། རང་གི་དཀྱིལ་འཁོར་འོད་ལ་བཞུགས། ། ཀླུ་ཆེན་ལ་སོགས་ཐམས་ཅད་ཀྱི། ། རྒྱན་རྣམས་ཀུན་གྱིས་རབ་ཏུ་བརྒྱན། ། བྱིས་པའི་གཟུགས་ཅན་འགྱིང་བག་ཅན། ། རྡོ་རྗེའི་སྐུ་ལ་ཕྱག་འཚལ་ལོ། ། དཔལ་ལྡན་ནང་ན་ཐུགས་རྗེའི་རང་བཞིན་ཅན། ། གདུག་པ་འདུལ་ཕྱིར་ཕྱི་རོལ་ཁྲོ་ཚུལ་སྟོན། ། ཆོས་ཉིད་མི་འགྱུར་སྐུ་མདོག་མཐིང་ནག་ཞལ། ། བཅོམ་ལྡན་མི་གཡོ་མགོན་ལ་ཕྱག་འཚལ་ལོ། ། ཐུགས་རྗེའི་དབྱིངས་ནས་བཞེངས་པའི་སྐུ་མཆོག་ནི། ། ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ན། ། སྣ་ཚོགས་པདྨ་ཉི་མའི་གདན་ལ་བཞུགས། ། ཞལ་གཅིག་ཕྱག་གཉིས་མཐིང་ནག་རྔམ་པའི་སྐུ། ། ཞབས་གཉིས་བརྐྱང་བསྐུམ་བགེགས་ཆེན་དུ་མ་གཟིར། ། སྟག་དང་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། ། ལྷ་དང་ལྷ་མིན་སྐྲག་མཛད་ཕྱག་གཡས་ན། ། ཤེས་རབ་རལ་གྲི་འབར་བ་འདེབས་པའི་ཚུལ། ། འབྱུང་པོ་སྐྲག་མཛད་ཕྱག་གཡོན་སྡིགས་མཛུབ་སྟེ། ། ཐུགས་རྗེས་ལུས་ཅན་མི་གཏོང་རྡོ་རྗེ་ཞགས། ། སྐྱེ་ཤི་རྩད་གཅོད་རྣོ་དཀར་མཆེ་བ་གཙིགས། ། སྤྱན་གཉིས་དམར་ཟླུམ་ཐུགས་རྗེས་ཕྱོགས་བཅུར་གཟིགས། ། ཐུགས་རྗེས་ཁྲོས་པས་དབུ་སྐྲ་གྱེན་དུ་འཁྱིལ། ། མི་བསྐྱོད་ལ་སོགས་རིགས་ལྔས་དབུ་ལ་བརྒྱན། ། མ་རུངས་འདུལ་ཞིང་འགྲོ་དོན་རྫོགས་མཛད་པའི། །
In the language of India: Ārya-acala-krodha-rāja-stotra. In the language of Tibet: Khro bo’i rgyal po ’phags pa mi g-yo ba la bstod pa (Praise to the Noble Wrathful King Acala). Homage to the Wrathful King Acala. The wrathful one known as Acala, Holds a sword and a noose perfectly. His topknot curls to the left; He dwells within the light of his own maṇḍala. Adorned with all the ornaments Of the great nāgas and all others, With a youthful form and a majestic bearing, I prostrate to the vajra body. Glorious within, the nature of compassion, You display a wrathful exterior to subdue the malevolent. Unchanging in the nature of phenomena, your face is dark blue; I prostrate to the Blessed Protector Acala. The supreme body arisen from the expanse of compassion, In the midst of a blazing mass of wisdom fire, You sit upon a seat of a variegated lotus and sun. With one face and two hands, your dark blue body is majestic. With two legs, one extended and one tucked, you trample many great obstructors. You are fully adorned with ornaments of tiger skin and snakes. In your right hand, you strike with a blazing sword of insight To terrify the gods and asuras. In your left hand, you make the threatening gesture To terrify the elemental spirits, while the vajra noose Of compassion never abandons embodied beings. You bare your sharp, white fangs to sever the root of birth and death. Your two eyes, red and round, gaze with compassion in the ten directions. With wrath born of compassion, your hair curls upward. Your head is adorned by the five families, Akṣobhya and the rest. You subdue the wicked and bring the welfare of beings to completion.