#༄༅། ། དཔལ་རྟ་མགྲིན་གྱི་སྒྲུབ་ཐབས། འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། ། དོན་མེད་དག་ལ་གནོད་པའི་བྱ་བ་རྣམས་སྤངས་ཏེ། ། རི་བཞིན་བརྟན་པས་རྣམ་དབེན་ས་ཕྱོགས་སོང་ནས་ནི། ། གནས་དེར་བསམ་གཏན་ཁང་པ་ཤིན་ཏུ་ཡིད་འཐད་པར། ། འོག་གི་ས་གཞི་ཤིན་ཏུ་འཐས་པ་ཁོ་ན་ལ། ། ས་ལ་མ་ལྷུང་ལྕི་བ་དྲི་བཟང་རྣམས་དང་ནི། ། བསྲེས་པས་ལེགས་བྱུགས་གཟུགས་བརྙན་འཆར་བ་ལྟ་བུར་བྱ། ། དྲི་ཞིམ་མེ་ཏོག་དག་གིས་གཏོར་ལ་རྒྱན་རྣམས་བྲེ། ། དཀྱིལ་འཁོར་དག་ཏུ་ཞུགས་ཤིང་དམ་ཚིག་ལ་གནས་པའམ། ། སོ་སོར་ཐར་ལ་གནས་པའམ་བྱང་ཆུབ་སེམས་བསྐྱེད་པས། ། བདེ་བའི་སྟན་ལ་གནས་ནས་བདུན་པོ་རྣམ་པར་དག་པར་བྱས། ། དེ་#རྗེས་ཚད་མེད་བཞི་ཡིས་བདག་བློ་ལེགས་པར་སྦྱང་#། ། ཤཱུ་ནྱ་ཏཱའི་#སྔགས་ཀྱིས་སྟོང་པ་ཉིད་དུ་བསྒོམ། ། བདག་ཉིད་རྣམ་ཤེས་ངོ་བོ་ཡི་གེ་པཾ་དུ་ལྟ། ། པཾ་དེ་ཡོངས་སུ་གྱུར་པས་པདྨ་འདབ་མ་བརྒྱད། ། པདྨའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། ། དེ་སྟེང་པཾ་ལས་ཉི་མ་དེ་སྟེང་ཧཱུྃ་བསམ་བྱ། ། དེ་ལས་རྡོ་རྗེའི་ལྟེ་བར་ཧཱུྃ་གིས་མཚན་པ་བསམ། ། དེ་#ལས་འོད་འཕྲོས་ས་གཞི་ར་བ་གུར་དུ་གྱུར། ། རྡོ་རྗེ་ཧཱུྃ་བཅས་དེ་ལས་གཞལ་ཡས་ཁང་པ་བསྐྱེད། ། དེ་ནས་རྡོ་རྗེ་ཧཱུྃ་བཅས་ལས། ། བདག་ཉིད་རྟ་མགྲིན་སྐུར་གྱུར་ཏེ། ། དམར་པོ་ཞལ་གསུམ་ཕྱག་ཞབས་བཞི། ། དབུས་དམར་གཡས་སྔོ་གཡོན་དཀར་#བ། ། དབུས་མའི་གཙུག་ནས་རྟ་མགོ་ལྗང་། ། གྱེན་དུ་ཁ་བལྟས་རྟ་སྐད་འབྱིན། ། དང་པོ་རྡོ་རྗེ་པདྨ་བསྣམས། ། ཐ་མ་གཉིས་ཀྱིས་མདའ་གཞུ་འགེངས། ། རིགས་ལྔའི་བདག་ཉིད་དབུ་ལའོ། །
The Sādhana of Glorious Hayagrīva Homage to the Lord of the World! Having abandoned activities that cause harm to the innocent, and having gone to a secluded place as stable as a mountain, one should prepare a very pleasing meditation cell in that location. On a ground that is perfectly firm, one should smear it well with a mixture of cow dung that has not fallen to the ground and fragrant substances, making it as smooth as a reflection. One should scatter fragrant flowers and hang ornaments. Having entered the maṇḍala and abiding in the samaya, or abiding in the prātimokṣa, or having generated the bodhicitta, one sits upon a comfortable seat and performs the sevenfold purification. Following that, one thoroughly purifies one’s mind with the four immeasurables. One meditates on emptiness with the śūnyatā mantra. One views one’s own consciousness as the syllable paṃ. Through the complete transformation of that paṃ, an eight-petaled lotus appears. At the center of the lotus, from the syllable a, arises a moon maṇḍala. Above that, from paṃ, arises a sun, and above that, one should visualize hūṃ. From that, one visualizes a vajra marked with hūṃ at its hub. From that, light radiates out, forming the ground, the fence, and the canopy. From the vajra and hūṃ, one generates the celestial palace. Then, from the vajra and hūṃ, one transforms into the body of Hayagrīva: red in color, with three faces and four arms and legs. The central face is red, the right blue, and the left white. From the crown of the central head, a green horse’s head emerges, facing upward and neighing. The first two hands hold a vajra and a lotus; the last two draw a bow and arrow. The five families are present upon the head.