༄༅༅། ། རྒྱ་གར་སྐད་དུ། ནཱི་ལཱམྦ་ར་བཛྲ་དྷ་ར་བཛྲ་པཱ་ཎི་རོ་ཥ་སཱ་དྷ་ནཾ། བོད་སྐད་དུ། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གཏུམ་པོ་ཞེས་བྱ་བའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། ། གཡོན་བརྐྱང་པ་ཡི་གདན་ལ་བཞུགས། ། རྡོ་རྗེ་བསྣམས་ཤིང་ཀླུ་རྣམས་འདུལ། ། རྒྱན་ལྡན་ཁྲོ་བོའི་རྒྱལ་ལ་འདུད། ། ཇི་ལྟར་རྟོག་པ་རྒྱུད་ནས་བྲི། ། སྙིང་བརྩེ་ཤེས་རབ་དད་དང་ལྡན། ། དབང་དང་རྗེས་གནང་སྒྲུབ་པ་པོས། ། གནས་ཁང་མེ་ཏོག་གཅལ་བཀྲམ་ནས། ། བདེ་བའི་སྟན་ལ་ཉེར་འདུག་སྟེ། ། རྗེ་བཙུན་ལ་སོགས་སྤྱན་དྲངས་ནས། ། མཆོད་ཅིང་བཤགས་པ་ལ་སོགས་བྱ། ། ཨོཾ་ཤཱུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་རང་སེམས་ཧཱུཾ་དུ་བསམས། ། འོད་འཕྲོས་གྱུར་དང་ས་གཞིར་བསམས། ། དེ་ནས་བྷྲཱུཾ་ལས་གཞལ་ཡས་ནི། ། རྡོ་རྗེ་སྔོན་པོ་ལྟེ་བར་བཅས། ། གྲུ་བཞི་སྒོ་བཞི་ཟླ་བའི་གདན། ། ཧཱུཾ་ལས་རྡོ་རྗེ་སྐུ་བསྐྱེད་དོ། ། བརྐྱང་བསྐུམ་ལྗང་ནག་རྡོ་རྗེ་གཡས། ། སྦྲུལ་དང་སྟག་ལྤགས་སྡིག་པ་གཡོན། ། ཁྲོ་བོའི་ཞལ་མདོག་ཐུགས་ཀར་ཧཱུཾ། ། དེ་ལས་ཁྲོ་བོ་བཞི་པོ་འཕྲོས། ། ཁམས་གསུམ་རྒྱལ་དང་ཤིན་ཏུ་ཁྲོས། ། རྡོ་རྗེ་ཁྲོ་བོ་བདུད་རྩི་འཁྱིལ། ། སྒོ་བཞི་དག་ཏུ་བསམ་པར་བྱ། ། སྐུ་མདོག་ལྗང་ནག་ཕུར་བུ་བསྣམས། ། ཟླ་བའི་གདན་ལ་བརྐྱང་བསྐུམ་བཞུགས། ། ཡེ་ཤེས་ལ་སོགས་སྤྱན་དྲངས་བསྟིམ། ། སྐུ་གསུང་བྱིན་བརླབ་གནས་དྲུག་བསྲུང་། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། པྲཛྙཱནྟ་ཀྲྀ་ཏ་ཀཱི་ལི་ཀཱི་ལཱ་ཡ་ཧཱུཾ་ཕཊ། ཙུ་རུ་ཙུ་རུ་ཙཎྜ་ཀཱི་ལཱི་ཀཱི་ལཱ་ཡ་ཕཊ།
In the language of India: Nīlāmbaravajradharavajrapāṇiroṣasādhana. In the language of Tibet: The Sādhana of the Noble Vajrapāṇi, the Fierce One in Blue Garments. Homage to the Noble Mañjuśrī! Seated upon a seat with the left leg extended, Holding a vajra and subduing the nāgas, To the adorned King of Wrathful Deities, I bow. I shall write this according to the conceptual tantra. One who possesses compassion, insight, and faith, And has received empowerment and permission, the practitioner Should scatter a carpet of flowers in the dwelling place, Sit upon a comfortable cushion, Invite the Venerable One and the rest, And perform the offerings, confession, and so forth. OṂ ŚŪNYATĀ-JÑĀNA-VAJRA-SVABHĀVA-ĀTMAKO ’HAṂ. Then, visualize one’s own mind as the syllable HŪṂ. Light radiates, and one visualizes the transformation into the ground. Then, from BHRŪṂ, the celestial mansion arises, With a blue vajra at its center, Square, with four doors and moon seats. From HŪṂ, the vajra body is generated. With one leg extended and one tucked, dark green, a vajra in the right hand, A snake, a tiger skin, and a scorpion in the left. The color of a wrathful deity, with HŪṂ at the heart. From that, the four wrathful deities radiate forth: Trailokyavijaya and the extremely wrathful Vajra-krodha-Amṛtakuṇḍalī; One should visualize them at the four doors. Dark green in color, holding kīla daggers, Seated in the extended and tucked posture upon moon seats. Invite the wisdom beings and so forth and dissolve them. Bless the body, speech, and mind, and protect the six places. OṂ CAṆḌA-MAHĀROṢAṆA HŪṂ PHAṬ. PRAJÑĀNTAKṚT KĪLI KĪLĀYA HŪṂ PHAṬ. CŪRU CŪRU CAṆḌA KĪLI KĪLĀYA PHAṬ.