༄༅༅། ། རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ན་མ་དྷཱ་ར་ཎི་རཏྣ་དྱུ་ཏི་མཎྜལ་བི་དྷི་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་དཀྱིལ་འཁོར་གྱི་ཆོ་ག་རིན་ཆེན་སྣང་བ་ཞེས་བྱ་བ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། ། མ་རིག་ལོག་པར་ལྟ་བ་འཇོམས་མཛད་པའི། ། ཡེ་ཤེས་ཐུགས་རྗེ་ཉི་མ་ལྟ་བུ་ཡིས། ། མི་ཤེས་སྒྲིབ་པ་མ་ལུས་སེལ་མཛད་པའི། ། རྡོ་རྗེ་རྣམ་པར་འཇོམས་ལ་ཕྱག་འཚལ་ནས། ། གཏི་མུག་དྲ་བ་བསལ་བ་དང་། ། འདོད་ཆགས་དྲི་མ་བཀྲུ་བ་དང་། ། ཞེ་སྡང་ཞི་བར་བྱ་བའི་ཕྱིར། ། རྒྱུད་ལ་བརྟེན་ནས་འདི་བཤད་དོ། ། བྱམས་དང་སྙིང་རྗེར་ལྡན་པ་ཡིས། ། ཐེག་ཆེན་དོན་ལ་རབ་ཏུ་ཞུགས། ། སྔོན་དུ་བསྙེན་པ་རབ་རྫོགས་ཤིང་། ། བརྟུལ་ཞུགས་ཅན་གྱིས་རབ་ཏུ་བརྩམ། ། དད་དང་ལྡན་ཞིང་སྙིང་བརྩེར་བཅས། ། རི་བོ་ནགས་ཚལ་ཡིད་འོང་བའི། ། དབེན་པའི་གནས་སུ་ཡོངས་འདུག་སྟེ། ། སྔོན་དུ་བསྙེན་པ་བྱ་བ་ནི། ། རྩ་བའི་དཀྱིལ་འཁོར་བདུན་བསམས་ཏེ། ། རང་ཉིད་གཏུམ་པོའི་སྐུར་གསལ་བས། ། རྩ་བའི་སྔགས་ནི་བརྗོད་པར་བྱ། ། ཨོཾ་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ་ཧཱུཾ་ཧཱུཾ། ཕྱོགས་སྐྱོང་དག་ལ་གཏོར་མ་དག། རྡོ་རྗེ་གླུ་དང་བཅས་པས་དབུལ། ། སྡིག་པ་ཆེ་དང་བཅས་པའི་མ་རུངས་པ། ། ས་བདག་དག་ལ་བཀའ་བསྒོ་བསྐྲད་བྱས་ནས། ། གཟུང་བ་སྦྱང་ཞིང་མཎྜལ་ལེགས་བྱས་ཏེ། ། ས་ཡི་ལྷ་མོ་དག་ལ་རབ་ཏུ་མཆོད། ། གསེར་དངུལ་ལ་སོགས་བུམ་པར་ནི། ། བཀྲ་ཤིས་བརྒྱད་དང་སྙིང་པོ་སོགས། ། གཞན་རྣམས་དྲི་ཞིམ་ཆུས་དགང་བའོ། །
In the language of India: Vajravidāraṇā-nāma-dhāraṇī-ratnadyuti-maṇḍala-vidhi-nāma. In the language of Tibet: rDo rje rnam par ’joms pa zhes bya ba’i gzungs kyi dkyil ’khor gyi cho ga rin chen snang ba zhes bya ba. Homage to the Blessed One, Mañjuvajra. Having prostrated to Vajravidāraṇa, who destroys ignorance and wrong views, and who, like the sun of wisdom and compassion, dispels all obscurations of the unknowing without exception, I shall explain this based on the tantra in order to clear away the web of delusion, wash away the stains of attachment, and pacify hatred. One who possesses love and compassion and has thoroughly entered the meaning of the Mahāyāna, having first completed the preliminary service, should begin this with a disciplined observance. Dwelling in a secluded place such as a delightful mountain or forest, endowed with faith and compassion, one should first perform the preliminary service. Visualizing the seven root maṇḍalas and clearly manifesting oneself in the form of Caṇḍa, one should recite the root mantra: Oṃ namo ratnatrayāya | namaścaṇḍavajrapāṇaye | mahāyakṣasenāpataye hūṃ hūṃ. One should offer torma to the guardians of the directions accompanied by vajra songs. Having issued commands and expelled the malevolent local spirits along with their great sins, one should purify the site, properly prepare the maṇḍala, and make extensive offerings to the goddess of the earth. In vases of gold, silver, or the like, one should fill them with the eight auspicious symbols, the essence mantras, and other fragrant waters.