༄༅༅། ། རྒྱ་གར་སྐད་དུ། ཨུ་པཱ་ཡ་ཀརྨ་ནཱ་མ། བོད་སྐད་དུ། ལས་ཀྱི་ཐབས་ཞེས་བྱ་བ། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། ། རྡོ་རྗེ་ཅན་རྣམས་རྒྱལ་འགྱུར་བའི། ། རྡོ་རྗེ་རྣམ་འཇོམས་ཕྱག་འཚལ་ཏེ། ། རྡོ་རྗེ་རྣམ་པར་འཇོམས་པ་ཡི། ། གཟའ་སྐར་བྱད་སྟེམས་བཟློག་པ་བཤད། ། བྱད་ནི་མཁའ་འགྲོ་ལ་སོགས་པའི། ། རིག་སྔགས་གང་ཡིན་དེ་ཡི་མཐུས། ། རྣལ་འབྱོར་གསང་བ་བསྟན་པ་སྟེ། ། དེ་བཟློག་རིག་སྔགས་བཅས་མནན་བཞིན། ། གང་དག་གཟའ་སྐར་བཙས་པའམ། ། དེ་ལ་བབས་ནས་ལས་ངན་ལ། ། འདི་བྱས་གནོད་པ་མེད་པར་འགྱུར། ། དཀྱིལ་འཁོར་བརྒྱད་དམ་བཞི་པ་ལ། ། ཡང་ན་གཅོད་བྱེད་མེད་པ་ལ། ། གཟའ་བརྒྱད་རྒྱུ་སྐར་གཟུགས་རྣམས་ནི། ། ལྷ་ཡི་སྣམ་བུར་དགོད་པར་བྱ། ། གཏོར་མ་མཆོད་པ་དེ་དག་མཚུངས། ། བུམ་པ་ལྔའམ་བཅུ་གསུམ་མམ། ། གཅིག་པ་ཐམས་ཅད་བཤམས་ཏེ་གཞག། དེ་ནས་ཁྲུས་བྱས་བསྲུང་ལྡན་པས། ། བཅུ་གསུམ་ལྔའམ་དཔའ་བོ་གཅིག། བསྐྱེད་རྫོགས་དེ་དག་འདྲ་ཤེས་བྱ། ། གཟའ་རྣམས་གྲྭ་ལས་ནག་པོ་ཆེ། ། བུམ་པ་རྩེ་གསུམ་ཐོགས་པའོ། ། རྒྱུ་སྐར་འོད་གཞོན་བུམ་པ་དང་། ། གློག་ཕྲེང་ཐོག་སྐྱེས་སྤྱན་དྲངས་ནས། ། བསྟིམས་ཏེ་མཆོད་པ་བྱས་ནས་ནི། ། རྡོ་རྗེའི་གཟུངས་སྔགས་དག་ལ་ནི། ། ཨོཾ་ཨསྟ་ན་གྲ་གྲ་ཧ་ཧེ་ནཾ་ན་གྲ་ཨསྟ་དྷ་དྷ་ར་རཱ་ཛྙཱ་པ་ཡ་ཏི་སྭཱ་ཧཱ། དེ་དང་ལྡན་པས་བཟླས་པ་ཡིས། ། ནུས་པ་ཀུན་དུ་བྱས་བསམས་ཤིང་། ། བཀའ་ཡི་བདེན་པ་བསྒྲགས་བྱས་ཏེ། ། མཆོད་ནས་དེ་དག་མཁའ་ལ་གཤེགས། ། བུམ་པས་ཕྱི་བཞིན་ཁྲུས་བྱས་ན། ། དེ་དག་ལས་ནི་ཐར་པར་འགྱུར། ། དེ་ནས་གཞན་ཡང་ལས་རྣམས་ནི། །
In the language of India: Upāyakarmanāma. In the language of Tibet: Las kyi thabs zhes bya ba (The Method of Ritual Actions). Homage to the glorious Vajravidāraṇa. I prostrate to Vajravidāraṇa, the Victor of all who possess the vajra. I shall explain the reversal of planetary influences, constellations, and sorcery associated with Vajravidāraṇa. Through the power of whatever secret mantras of sorcery belong to the ḍākinīs and others, the secret yoga is revealed; to reverse that, one should suppress it with the secret mantras. For those born under the influence of planets and constellations, or those afflicted by them, if this is performed, they will become free from harm. On a maṇḍala of eight or four [squares], or even one without divisions, the forms of the eight planets and the constellations should be arranged upon the divine tier. The offering cakes and offerings should be similar to those. Five, thirteen, or a single vase should be prepared and set out. Then, having performed the ritual ablution and possessing the protections, one should understand the generation and completion stages for the thirteen, the five, or the single hero. The planets are black at the corners, holding tridents and vases. Having invited the constellations—such as the youthful light, the vase, the garland of lightning, and the thunderbolt-born—and having dissolved them [into the deities], one should make offerings. Regarding the vajra dhāraṇī mantra: Oṃ astanagra graha he naṃ nagra astadha dha rājñāpayati svāhā. By reciting this with the appropriate visualization of all powers being enacted, and having proclaimed the truth of the command, one should make offerings and they will depart into the sky. If one performs the ablution with the vase, one will be liberated from those [influences]. Furthermore, as for the other ritual actions: