༄༅༅། ། རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ནཱ་མ་དྷཱ་ར་ཎཱི་ཨེ་ཀ་བཱི་ར་སཱ་དྷ་ན་ནཱ་མ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་ཀྱི་སྒྲུབ་ཐབས་དཔའ་བོ་གཅིག་ཏུ་སྒྲུབ་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། ། གང་ཞིག་རྡོ་རྗེ་བདག་གཞན་དོན། ། རྫོགས་ནས་མཐར་ཕྱིན་སྐུར་གནས་པ། ། རྡོ་རྗེ་རྣམ་འཇོམས་ཕྱག་འཚལ་ཏེ། ། བྱ་བ་ཉུང་བའི་སྒྲུབ་ཐབས་བྲི། ། གང་ཞིག་ཤེས་རབ་ཆུང་གྱུར་ལ། ། སྤྲོས་ལ་མི་དགའ་རྣལ་འབྱོར་པ། ། དམ་ཚིག་དབང་ཐོབ་རྗེས་གནང་ཅན། ། དེས་ནི་དོན་གཉིས་ཕྱིར་འདི་སྒྲུབ། ། རྒྱས་པར་ཡན་ལག་བྱ་བ་ཀུན། ། སྒྲུབ་ཐབས་ཆེ་ལས་འབྱུང་བཞིན་བྱ། ། ཁྱད་པར་མན་ངག་འདི་ལྟ་སྟེ། ། རབ་ཏུ་དབེན་པའི་གནས་དག་ཏུ། ། རྣལ་འབྱོར་འཁོར་དང་བཅས་པ་ཡི། ། དུས་ངན་བར་ཆད་བསལ་བྱས་ཏེ། ། མཎྜལ་ལ་བརྟེན་མཆོད་པ་དང་། ། བུམ་པ་གཉིས་དག་ལེགས་བྱས་ཏེ། ། སྔོན་དུ་རྡོ་རྗེ་ནུས་པས་མཉེས། ། ཐོ་རངས་དུས་སུ་ཁྲུས་གཉིས་བྱ། ། ཤ་སོགས་སྤངས་ཏེ་སྟན་བདེ་ལ། ། གནས་པས་ཡང་སྙིང་གིས་བགེགས་བསྐྲད། ། ལྷ་གཉིས་བླ་མ་མདུན་བལྟས་ཏེ། ། བདུན་པོ་དག་བྱས་སྟོང་པར་བསམས། ། དེ་ལ་རྡོ་རྗེའི་ཁང་པ་སྟེ། ། གདན་བཅས་སྟེང་དུ་ལྷ་དྲུག་གི། བདག་ཉིད་ཕྱག་ན་རྡོ་རྗེར་བསམ། ། བུམ་པ་སྟོང་སོགས་གདན་དག་ལ། ། ཧཱུཾ་ལས་རྡོ་རྗེ་རྣམ་འཇོམས་ཏེ། ། ཡུམ་དང་ཁྲོ་བོ་བཅས་པར་བསམ། ། སྤྱན་དྲངས་བགེགས་བསྐྲད་ཡོན་ཕུལ་ནས། ། ཕྱག་རྒྱ་སྔགས་ཀྱིས་བསྟིམ་པར་བྱ། ། མཆོད་དེ་བསྟོད་ལ་གསོལ་བ་གདབ། ། ཕྲེང་བ་བྱིན་བརླབ་ཐུགས་ཟླ་ལ། ། རྡོ་རྗེ་ལྟེ་བར་སྔགས་བསམས་ཏེ། །
In the language of India: Vajravidāraṇā-nāma-dhāraṇī-ekavīra-sādhana-nāma. In the language of Tibet: rDo rje rnam par ’joms pa zhes bya ba’i gzungs kyi sgrub thabs dpa’ bo gcig tu sgrub pa zhes bya ba. Homage to the noble Mañjuśrī! I prostrate to Vajravidāraṇa, who, having perfected the benefit of self and others, abides in the ultimate body. I shall write a sādhana of few activities. For those yogins of little wisdom who do not delight in elaboration, who have received the empowerment and the permission of the samaya, this should be practiced for the sake of the two benefits. All the extensive branch activities should be performed as they appear in the great sādhana. The specific pith instructions are as follows: In a very secluded place, the yogin together with his retinue should clear away the obstacles of this degenerate age. Relying on a maṇḍala, having properly prepared the two vases, and having first pleased the Vajra through his power, one should perform the two ablutions at dawn. Having abandoned meat and so forth, and sitting on a comfortable seat, one should expel the obstructors with the heart mantra. Facing the two deities and the guru, one should perform the sevenfold service and contemplate emptiness. Within that, there is a vajra palace. Upon the seat, one should visualize oneself as Vajrapāṇi, the nature of the six deities. In the vases and upon the seats of emptiness and so forth, from the syllable HŪṂ, one should visualize Vajravidāraṇa together with the consort and the wrathful deities. Having invited them, expelled the obstructors, and presented the offerings, one should dissolve them with the mudrās and mantras. Having made offerings and praises, one should make the supplication. Having blessed the rosary, one should visualize the mantra at the hub of the vajra upon the moon in the heart.