༄༅༅། ། རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་ཀརྨ་ཙ་ཏུཿསཱ་དྷ་ན་ཙཀྲ་བི་དྷིཿ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་ལས་བཞི་སྒྲུབ་པའི་འཁོར་ལོའི་ཆོ་ག། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། ། རང་ལྷ་ཉེ་བར་བསྙེན་པ་ཡིས། ། འཁོར་ལོས་ལས་ཀུན་འགྲུབ་པའི་ཕྱིར། ། ཕྱི་རབས་སྒྲུབ་ལ་ཕན་བྱེད་པའི། ། འཁོར་ལོའི་མན་ངག་བཤད་པར་བྱ། ། ཐོག་མར་ལས་ཀུན་འགྲུབ་བྱེད་པའི། ། འཁོར་ལོའི་མཚན་ཉིད་བརྗོད་བྱ་སྟེ། ། རེ་ཁཱ་བཅུ་ཡིས་ཡོངས་བསྐོར་བའི། ། རྩིབས་བརྒྱད་འཁོར་ལོ་པད་འདབ་བརྒྱད། ། སླར་ཡང་རྩིབས་བརྒྱད་གཉིས་པར་ལྡན། ། རྩེ་གསུམ་ཁ་དྲུག་རྡོ་རྗེ་མཛེས། ། དེར་སྔགས་དགོད་པའི་རིམ་པ་ནི། ། ནང་གི་འཁོར་ལོ་རྩིབས་བརྒྱད་པར། ། ན་མཿཙཎྜ་བཛྲ་ཀྲོ་དྷ་ཡ། ཞེས་པའི་ཡི་གེ་བརྒྱད་ཉིད་དང་། ། ཕྱི་རོལ་པདྨའི་འདབ་རྣམས་ལ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ཞེས་པའི་སྔགས་ཚིག་བརྒྱད་པོ་དང་། དེའི་ཕྱི་རོལ་མུ་ཁྱུད་ལ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཅེས་སྔགས་ཡི་གེ་ལྔ་ཡིས་བསྐོར། ། འཁོར་ལོ་གཉིས་པའི་རྩིབས་རྣམས་ལ། ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། ཧ་ན་ཧ་ན་བཛྲ། ཞེས་པའི་སྔགས་རྐང་བརྒྱད་པོ་དང་། ། ཁ་དྲུག་རྡོ་རྗེའི་རྭ་དབུས་ལ། ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་རཱ་ཡ་དྷཱ་རཱ་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིནྡ་ཙྪིནྡ་བཛྲ། བྷིནྡ་བྷིནྡ་བཛྲ་ཧཱུཾ་ཕཊ། སྔགས་ཀྱི་རྐང་པ་དྲུག་ཉིད་དང་། ། མུ་ཁྱུད་བཞི་ལ་རིམ་བཞིན་དུ། །
In the language of India: Vajravidāraṇakarmacatuḥsādhana-cakravidhiḥ. In the language of Tibet: rDo rje rnam par ’joms pa’i las bzhi sgrub pa’i ’khor lo’i cho ga (The Ritual of the Wheel for Accomplishing the Four Activities of Vajravidāraṇa). Homage to the glorious Vajravidāraṇa! Because all activities are accomplished through the wheel by means of the close approach of one’s own deity, I shall explain the pith instructions on the wheel, which benefit practitioners of future generations. First, the characteristics of the wheel that accomplishes all activities shall be described: a wheel with eight spokes surrounded by ten lines, with eight lotus petals, and further endowed with a second set of eight spokes, beautified by a six-faced, three-pointed vajra. The sequence for arranging the mantras therein is as follows: on the eight spokes of the inner wheel, the eight syllables of "Namaḥ caṇḍa vajra krodhāya." On the petals of the outer lotus, the eight mantra phrases: "hulu hulu," "tiṣṭha tiṣṭha," "bandha bandha," and "hana hana." On the outer rim, it is surrounded by the five-syllable mantra: "amṛte hūṃ phaṭ." On the spokes of the second wheel, the eight mantra lines: "namo ratnatrayāya," "namaḥ caṇḍa vajrapāṇaye," "mahāyakṣasenāpataye," "oṃ hara hara vajra," "matha matha vajra," "dhuna dhuna vajra," "daha daha vajra," and "hana hana vajra." In the center of the six spokes of the six-faced vajra, the six mantra lines: "paca paca vajra," "dhara dhara vajra," "dhārāya dhārāya vajra," "dāruṇa dāruṇa vajra," "cchinda cchinda vajra," and "bhinda bhinda vajra hūṃ phaṭ." On the four rims, in successive order: [the mantras are to be placed].