༄༅༅། ། རྒྱ་གར་སྐད་དུ། བཛྲ་བི་དཱ་ར་ཎ་མཎྜལ་བི་དྷིཿ། བོད་སྐད་དུ། རྡོ་རྗེ་རྣམ་པར་འཇོམས་པའི་དཀྱིལ་འཁོར་གྱི་ཆོ་ག། དཔལ་རྡོ་རྗེ་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། ། གདུག་པ་འདུལ་མཛད་ཁྲོ་བོ་ཆེ། ། རྡོ་རྗེ་ཅན་ལ་ཕྱག་འཚལ་ལོ། ། གང་གིས་ལེགས་པར་སྨིན་བྱེད་པའི། ། འཁོར་ལོའི་ཆོ་ག་བཤད་པར་བྱ། ། སློབ་དཔོན་མཚན་ཉིད་བཟང་ལྡན་པས། ། ལེགས་པར་བརྟགས་པའི་སློབ་མ་ལ། ། ཚུལ་བཞིན་བསྙེན་པ་སྔོན་སོང་ནས། ། རི་བོ་བཟང་སོགས་ཤིས་པའི་སར། ། བསླང་དང་སྦྱང་དང་གཟུང་བ་དང་། ། བསྲུང་བའི་ཆོ་ག་ལེགས་བྱས་པས། ། ཐོག་མར་བུམ་པའི་བྱ་བ་ལས། ། གསེར་རམ་དངུལ་ལམ་ཡང་ན་ཟངས། ། ཁམ་ལས་གཉིས་ལྔ་ཉི་ཤུ་ལྔ། ། དཀར་པོའི་རྫས་ཀྱིས་ལེགས་བྱུགས་ལ། ། རང་ལྷའི་མཚན་མ་ལྡན་པར་བྱ། ། མ་ཉམས་རས་ཀྱིས་མགུལ་དཀྲིས་པ། ། དྲི་ཞིམ་ཆུ་ཡིས་བཀང་བ་དང་། ། འབྲུ་སྨན་རིན་ཆེན་ལྔར་ལྡན་པ། ། བཟང་པོའི་ཤིང་གིས་ཁ་བརྒྱན་ནས། ། ཀུ་ཤའི་སྟན་ལ་ཡང་དག་གཞག། ལྷ་ཡི་འཁོར་ལོ་བསྒོམ་པ་དང་། ། བཟླས་མཐར་མཆོད་ཞུ་བདུད་རྩིར་བྱ། ། སློབ་མ་གསུམ་ལ་སྐྱབས་འགྲོ་དང་། ། བྱང་ཆུབ་ཏུ་ནི་སེམས་བསྐྱེད་པས། ། སྒོ་གསུམ་མི་དགེ་ལས་བཟློག་ཅིང་། ། ཀུན་དུ་སྤྱོད་པ་གཙང་ལྡན་པས། ། རང་ལྷའི་རྣལ་འབྱོར་བརྩོན་བྱེད་པའི། ། དམ་ཚིག་རྗེས་སུ་འཛིན་པ་ལ། ། གནས་གསུམ་ཡི་གེ་གསུམ་གྱུར་པའི། ། མཚན་མ་གསུམ་གྱིས་བྱིན་བརླབས་ཏེ། ། རྡོ་རྗེ་དང་བཅས་དྲིས་རེག་དང་། ། མཆོད་པ་ལྔ་ཡིས་ལེགས་མཆོད་བྱ། ། དཀྱིལ་འཁོར་བྱི་དོར་ལེགས་བྱས་པར། ། དྲི་དང་མེ་ཏོག་ཚོམ་བུར་བཅས། །
In the language of India: Vajravidāraṇamaṇḍalavidhiḥ. In the language of Tibet: rDo rje rnam par ’joms pa’i dkyil ’khor gyi cho ga (The Ritual of the Maṇḍala of Vajravidāraṇa). Homage to the glorious Vajravidāraṇa! Homage to the Great Wrathful One, the Vajra-holder who subdues the malevolent! I shall explain the ritual of the maṇḍala, which brings about perfect maturation. A master endowed with excellent characteristics, having properly examined the disciple, and having first completed the approach retreat in the correct manner, should, at an auspicious site such as a fine mountain, perform the rituals of requesting the site, purifying it, seizing it, and protecting it. First, regarding the activity of the vases: using gold, silver, or copper, or even clay, [prepare] two, five, or twenty-five [vases]. Having thoroughly smeared them with white substances, they should be marked with the symbols of their respective deities. Wrapped with undamaged cloth around the necks, filled with fragrant water, and containing the five grains, medicines, and jewels, they should be adorned with the wood of excellent trees and placed correctly upon a seat of kuśa grass. Through the meditation on the maṇḍala of deities, at the conclusion of the recitation, the offerings should be dissolved into nectar. The disciples, having taken refuge and generated the mind of enlightenment, turn away from non-virtuous actions of the three doors. Possessing pure conduct and striving in the yoga of their respective deities, they uphold the samaya. The three places [of the disciples] are blessed by the three syllables, which become the three symbols, and they should be thoroughly honored with the vajra, the application of fragrance, and the five offerings. Having properly cleansed the maṇḍala, it should be arranged with fragrance and heaps of flowers.