༄༅༅། ། རྒྱ་གར་སྐད་དུ། ཥ་ཊ་མཎྜ་ལ་བི་དྷི་ནཱ་མ། བོད་སྐད་དུ། དཀྱིལ་འཁོར་དྲུག་གི་ཆོ་ག་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེས་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། ། ཆུ་ཀླུང་ངམ་ནགས་ཚལ་ལམ་ཆུ་བོའི་འགྲམ་མམ་རི་སུལ་ལམ་ཕུག་གམ་ཡིད་དང་མཐུན་པ་ཡུལ་དབེན་པ་བས་མཐའི་དགོན་པར་སློབ་དཔོན་གཙུག་ལག་ལ་མཁས་པ་ཆོས་ལ་དགའ་བ་བསླབ་པ་བསྲུང་བ་འགྲོགས་ན་བདེ་བ་སྙིང་རྗེ་ཅན། དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པ། དཀྱིལ་འཁོར་ལ་སོགས་པའི་ལས་ལ་དགའ་བ་བྱ་བ་ཉུང་ཞིང་འདོད་ཞེན་ཆུང་བ། རིག་སྔགས་ཀྱི་འབྲས་བུ་རྨི་ལམ་གྱི་རྟགས་དང་དངོས་གྲུབ་ཐོབ་པ་དང་། སྒྲུབ་པའི་གྲོགས་པོ་རིགས་བཙུན་པ། ཆོས་སྤྱོད་པ་དད་པ་ཅན། སེམས་སྟོབས་ཆེ་ཞིང་བརྩོན་འགྲུས་ཅན། བདེན་པར་སྨྲ་ཞིང་རིམ་གྲོ་ཅན། གཟུགས་ཧ་ཅང་མི་རིང་མི་ཐུང་བ། མི་སྦོམ་ཞིང་མི་སྐམ་པ། སྔོ་བསངས་སྡུག་བསྔལ་བཟོད་ཅིང་བརྟན་པ། གསང་སྔགས་ཟློས་ཤིང་དམ་ཚིག་ཤེས་པ། བསམ་པ་བཟང་ཞིང་མི་སྐྱོ་བ་གཞན་གྱིས་བྲིད་ཀྱང་འཕགས་པའི་ཚུལ་མི་གཏོང་བའི་གྲོགས་དང་ལྷན་ཅིག་ཏུ་མཎྜལ་བྱས་ནས་སྟན་བདེ་བ་ལ་འདུག་སྟེ། རབ་ཏུ་དྲི་ཞིམ་པོའི་མེ་ཏོག་དང་། རྩ་བ་དང་སྡོང་བུ་ལ་སོགས་པ་སྦྱར་བའི་སྤོས་དང་། གུར་གུམ་ལ་སོགས་པའི་དྲི་དང་། སྨན་གྱི་རྡོག་གུ་ཐམས་ཅད་དང་། ཁ་བ་དང་ཚ་བ་དང་། བྲོ་བ་དག་ཐམས་ཅད་ཀྱང་འབྲས་ཆན་དང་ལྡན་པ་རྡོ་རྗེའི་རིགས་ལ་དབུལ་བར་གསུངས་སོ། ། དེ་ལྟར་སྒྲུབ་པའི་ཡན་ལག་གི་རྫས་བསྟན་ནས། སྒྲུབ་པའི་ལུས་ངག་ཡིད་གསུམ་གྱི་མཚན་ཉིད་བསྟན་པ་ནི། སངས་རྒྱས་ཀྱི་གཟུགས་བརྙན་དང་ཕྱག་རྒྱ་དང་དམན་མ་ལ་མི་བགོམ།
In the language of India: Ṣaṭmaṇḍalavidhināma. In the language of Tibet: dKyil ’khor drug gi cho ga zhes bya ba (The Ritual of the Six Maṇḍalas). Homage to the Blessed One, Vajravidāraṇa. In a river, a forest, on a riverbank, in a mountain cleft, a cave, or any secluded and solitary place that is pleasing to the mind, the master—learned in the sciences, delighting in the Dharma, guarding the trainings, pleasant to associate with, and compassionate—having received empowerment into the maṇḍala, delighting in the activities of the maṇḍala and so forth, having few duties and little attachment, having attained the signs of dreams and the siddhis that are the fruits of the vidyā-mantras, and together with a companion for the practice who is of noble lineage, practices the Dharma, possesses faith, has great mental fortitude and diligence, speaks the truth, is respectful, is neither too tall nor too short, is neither too stout nor too thin, is dark-complexioned, patient in suffering, stable, recites the secret mantras, knows the samaya, has good intentions, is untiring, and does not abandon the noble way even when tempted by others—having prepared the maṇḍala, he should sit on a comfortable seat. It is taught that for the Vajra family, one should offer very fragrant flowers, incense prepared from roots, stalks, and so forth, perfumes such as saffron, all medicinal pellets, and all bitter, pungent, and flavorful substances combined with cooked rice. Having thus shown the substances that are the branches of the practice, the characteristics of the body, speech, and mind of the practitioner are shown: one must not step over images of the Buddha, mudrās, or remains.