༄༅༅། ། རྒྱ་གར་སྐད་དུ། ཀརྨ་སརྦ་རཀྵ་བི་དྷི་ནཱ་མ། བོད་སྐད་དུ། བསྲུང་བའི་ཆོ་ག་ལས་ཐམས་ཅད་པ་ཞེས་བྱ་བ། བླ་མ་རྗེ་བཙུན་པ་རྣམས་ལ་ཕྱག་འཚལ་ལོ། ། ནད་དང་གནོད་པ་ཞི་བ་དང་། ། མི་མཐུན་ཐམས་ཅད་བཟློག་པའི་ཕྱིར། ། བསྲུང་བའི་དམ་པའི་རིམ་པ་འདི། ། ཕན་ཕྱིར་བདག་གིས་བཤད་པར་བྱ། ། དེ་ལ་རྡོ་རྗེ་འཛིན་པ་སྒྲུབ་པའི་རྣལ་འབྱོར་པ་དག་གིས། དབེན་པའི་ས་ཕྱོགས་སུ་མཎྜལ་ལོགས་རེ་ལ་ཁྲུ་རེ་ཡོད་པ། གྲུ་བཞི་པ་འཕངས་སུ་སོར་བརྒྱད་པ། ངོས་ཤིན་ཏུ་མཉམ་པ་བརྩིགས་ལ། དེ་ལ་བའི་རྣམ་པ་ལྔས་བྱུག་པ་བྱའོ། ། དེའི་སྟེང་དུ་ཙནྡན་དང་གུར་གུམ་ལ་སོགས་པའི་དྲི་བཟང་པོ་རྣམས་ཀྱིས་སྙོམས་པར་བྱུག་པར་བྱའོ། ། དེའི་སྟེང་དུ་མེ་ཏོག་དྲི་དང་ཁ་དོག་དང་ལྡན་པས་ལེགས་པར་སྤུངས་ཏེ། དེའི་སྟེང་དུ་སྲུང་བའི་འཁོར་ལོ་བཞུགས་སུ་གསོལ་བ་ནི། རས་སམ་གོས་བཟང་བྲི་བ་ནི། ། གུར་གུམ་ཆུ་ཡིས་འཁོར་ལོ་ནི། ། རྩིབས་བརྒྱད་མུ་ཁྱུད་གཉིས་བཅས་ལ། ། རྒྱ་གྲམ་ནང་དུ་ཆུད་པ་བྲི། ། ཨོཾ་དང་སྭཱ་ཧཱའི་བར་དག་ཏུ། ། ན་མོ་མིང་དང་སྤེལ་བ་ནི། ། དྲི་སྣ་ཚོགས་ཀྱིས་ཐིག་ལེ་བྱས། ། ལྟེ་བ་དག་ཏུ་དགོད་པར་བྱ། ། ཙནྡན་ལ་སོགས་རྣམ་པ་བརྒྱད། ། ཨོཾ་ཧཱུཾ་ཕཊ་མཐར་བསྲེས་པ་ནི། ། རྩིབས་བརྒྱད་དག་ལ་རིམ་བཞིན་ནོ། ། མུ་ཁྱུད་ནང་གི་རིམ་པ་ལ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཆེ་གེ་མོ་ཞེས་བྱ་བ་འདི་ཀཱ་ཡ་བཱཀ་ཙིཏྟ་ཨཱ་ཡུ་ཥེ་ཛཱི་བཾ་ཤྲཱི་ཏེ་ཛ་སརྦ་རཀྵ་རཀྵ་སྭཱ་ཧཱ། ནང་དུ་ལྟ་བའི་ཚུལ་གྱིས་བྲི། ། ཕྱི་རོལ་མུ་ཁྱུད་ཡང་དེ་བཞིན། ། མཚལ་དང་དངུལ་གྱི་ཁུ་བ་ཡིས། ། གཡས་གཡོན་དག་ཏུ་བྲི་བར་བྱ། །
In the language of India: Karma-sarva-rakṣā-vidhi-nāma. In the language of Tibet: Bsrung ba’i cho ga las thams cad pa zhes bya ba (The Ritual of Protection for All Activities). Homage to the venerable gurus! In order to pacify illness and harm, and to avert all adverse conditions, I shall explain this sublime sequence of protection for the benefit of others. In that regard, yogins practicing the realization of Vajradhara should, in a secluded location, construct a square maṇḍala measuring one cubit on each side and eight finger-widths in height, with perfectly level sides. It should be smeared with the five products of a cow. Upon that, it should be evenly anointed with fragrant substances such as sandalwood and saffron. On top of that, flowers possessing fragrance and color should be well-arranged. To install the protection wheel upon that: on a cloth or fine fabric, one should draw a wheel with eight spokes and two rims using saffron water. Inside a crossed-vajra (viśvavajra), one should write the mantra between oṃ and svāhā, interspersed with the name of the person to be protected, and apply drops of various fragrances. This should be placed in the center. The eight syllables of the mantra, such as oṃ and hūṃ, mixed with phaṭ at the end, should be arranged sequentially upon the eight spokes. On the inner rim, one should write: oṃ caṇḍamahāroṣaṇa hūṃ phaṭ | [Name] kāya-vāk-citta-āyuṣe jīvaṃ śrī-teja-sarva-rakṣa rakṣa svāhā. This should be written in a clockwise direction. The outer rim should be done likewise, using vermilion and silver liquid, written on the left and right sides.