༄། ། དེའི་སྦྱིན་སྲེག་གི་ཆོ་ག་བཞུགས། ། དེ་ནས་ཡང་དག་བཤད་བྱ་བ། ། ས་གཞི་ཤིན་ཏུ་ལེགས་པ་ལ། ། ཐབ་ཁུང་རྒྱར་ནི་ཁྲུ་གང་ཞིང་། ། ཟབས་སུ་ཁྲུ་ཕྱེད་བརྐོས་པ་དག། ཁ་ཁྱེར་སོར་བཞི་གཉིས་དོར་བྱ། ། བ་ཡི་རྣམ་པ་ལྔ་ཡིས་བྱུགས། ། ཁ་དོག་དཀར་པོ་བྱས་ནས་ཀྱང་། ། དྲི་དཀར་འོ་མ་མེ་ཏོག་དོར། ། དཀྱིལ་དུ་རྡོ་རྗེ་སོར་བརྒྱད་པ། ། ནང་དུ་རྡོ་རྗེས་བསྐོར་ནས་ཀྱང་། ། ཐ་མ་མེ་ཡི་འོད་ཟེར་ཅན། ། བྱ་བ་ཐབ་ཁུང་རིམ་པའོ། ། ཙནྡན་པཱ་ལ་ཤ་དག་དང་། ། བྱང་ཆུབ་ཤིང་དང་ནྱ་གྲོ་དྷ། ། དྲི་བཟང་དྲི་ཞིམ་པ་ཡི་ཤིང་། ། སྲོག་ཆགས་མེད་ཅིང་མ་རུལ་བ། ། གསར་པ་ཁྲུ་གང་ཚད་ལ་ནི། ། འོ་མ་སྦྲང་རྩི་བྲན་ནས་ཀྱང་། ། དྲི་ཞིམ་པ་ཡི་ཆུ་ཡིས་གཏོར། ། ཐབ་ཀྱི་ཁོ་ར་ཁོར་ཡུག་ཏུ། ། ཀུ་ཤ་རྩེ་མོ་ཕྱིར་བསྟན་པ། ། བཀྲམ་ལ་བུད་ཤིང་བརྩིག་པར་བྱ། ། ཐབ་བས་མཐོ་ན་ཉེས་པར་འགྱུར། ། དེ་ནི་བུད་ཤིང་རིམ་པའོ། ། རྩེ་མོའི་ཆ་ལས་བྱུང་བ་ཡི། ། ཡམ་ཤིང་སོར་ནི་བཅུ་གཉིས་ལ། ། གསར་ཞིང་འདབ་མ་བཅས་པ་དང་། ། དྲང་ཞིང་བླ་སྐམས་མེད་པ་སྟེ། ། སྐྱོན་དང་བྲལ་བའི་ཡམ་ཤིང་ལ། ། མངར་གསུམ་དཀར་གསུམ་དག་གིས་བྲན། ། དྲི་ཡི་ཚོགས་ཀྱིས་བསངས་ནས་ཀྱང་། ། མཆོད་པའི་དོན་དུ་གཡས་སུ་གཞག། དེ་ནི་ཡམ་ཤིང་རིམ་པའོ། ། དཀར་གསུམ་མངར་གསུམ་འབྲས་ཆན་དང་། ། འབྲས་ཐུག་ལག་པན་ལ་དུ་དང་། ། སྨན་སྣ་ཚོགས་དང་བཟའ་བའི་རྫས། ། ཏིལ་ལ་སོགས་པ་ཇི་སྙེད་ཀུན། ། བསྲེག་པའི་དོན་དུ་གཡས་སུ་གཞག། མར་ཁུ་རྡོ་རྗེ་དྲིལ་བུ་དང་། ། དགང་གཟར་བླུགས་གཟར་མདུན་དུའོ། ། མེ་ཏོག་སྤོས་དང་མར་མེ་དྲི། །
Herein lies the ritual for the fire offering (homa). Now, I shall explain it correctly: On a very excellent piece of ground, one should dig a hearth (kuṇḍa) one cubit in width and half a cubit in depth. The rim should be four finger-widths high, and the two [sides] should be left [unadorned]. It should be smeared with the five products of the cow and colored white. Having done so, one should scatter white perfumes, milk, and flowers. In the center, an eight-finger-width vajra is placed, surrounded by vajras within, and finally encircled by fire-light rays; such is the sequence for the hearth. Sandalwood, palāśa, bodhi wood, nyagrodha, and other trees with fragrant and sweet scents—provided they are fresh, free of insects, and not rotten—one should cut them to a length of one cubit. Having sprinkled them with milk and honey, one should douse them with fragrant water. Around the perimeter of the hearth, one should spread kuśa grass with the tips pointing outward and then pile the firewood. If the wood is higher than the hearth, it will result in a fault; such is the sequence for the firewood. The fuel sticks (samidh) should be twelve finger-widths long, taken from the tips [of the branches], fresh and with their leaves, straight, and without withered parts. Having sprinkled these faultless fuel sticks with the three sweets and the three whites, and having purified them with a collection of perfumes, one should place them to the right for the purpose of offering; such is the sequence for the fuel sticks. The three whites, the three sweets, cooked rice, rice porridge, lādu cakes, various medicinal herbs, and all edible substances such as sesame seeds and so forth, should be placed to the right for the purpose of the burnt offering. The clarified butter, the vajra and bell, and the large and small ladles (darvī and sruva) should be placed in front. Flowers, incense, lamps, and perfumes...