༄༅༅། ། རྒྱ་གར་སྐད་དུ། བཛྲ་ཀྲོ་དྷ་དྷ་ར་སཱ་དྷ་ན་ནཱ་མ། བོད་སྐད་དུ། ཁྲོ་བོ་རྡོ་རྗེ་འཛིན་པའི་སྒྲུབ་པའི་ཐབས་ཞེས་བྱ་བ། བླ་མ་རྗེ་བཙུན་པའི་ཞབས་ལ་ཕྱག་འཚལ་ལོ། ། རྣལ་འབྱོར་པ་ལ་གནོད་པ་ཡི། ། འབྱུང་པོའི་ཚོགས་རྣམས་བསྲུང་བའི་ཕྱིར། ། རྡོ་རྗེ་འཛིན་མཆོག་སྒྲུབ་པའི་ཐབས། ། འབད་པའི་བློ་ཡིས་བསྒྲུབ་པར་བྱ། ། དང་པོར་སྟན་བདེ་ལ་འདུག་སྟེ། ། སྐད་ཅིག་གཅིག་གིས་རྡོ་རྗེ་འཛིན། ། ཁྲོ་བོའི་རྒྱལ་པོར་བསྐྱེད་པ་ཡི། ། སྙིང་ཀའི་ས་བོན་འཕྲོས་པ་ལས། ། འགྲོ་བ་སྦྱངས་པ་རྣམ་གསུམ་བྱ། ། མཆོད་པའི་ལྷ་རྣམས་སྤྱན་དྲངས་ཏེ། ། མཉེས་པའི་དོན་དུ་ལུས་སྤྲུལ་བྱ། ། སྙིང་གའི་ས་བོན་ལས་བྱུང་བའི། ། མཆོད་པ་རྣམ་པ་ལྔ་དག་ཀྱང་། ། སྤྲོ་བསྡུའི་ཚུལ་གྱིས་བརྒྱན་པར་བྱ། ། ཨོཾ་བཛྲ་ས་མནྟ་ཨ་གརྦྷ་བཛྲ་པུཥྤེ་ཧཱུཾ། བཛྲ་དྷཱུ་པེ་ཧཱུཾ། བཛྲ་དཱི་པེ་ཧཱུཾ། བཛྲ་གནྡྷེ་ཧཱུཾ། བཛྲ་(ནི་,ནཻ་)ཝི་དྱེ་ཧཱུཾ། དེ་ནས་པུས་མོ་སར་བཙུགས་ཏེ། ། རྡོ་རྗེ་ཐལ་མོ་སྦྱར་ནས་ཀྱང་། ། རབ་ཏུ་གུས་པས་འདི་བརྗོད་བྱ། ། བསགས་སྡིག་ཇི་སྙེད་བཤགས་པར་བགྱི། ། ཚོགས་རྣམས་ཀུན་ལ་རྗེས་ཡི་རང་། ། ཟབ་མོའི་འཁོར་ལོ་བསྐོར་བར་བསྐུལ། ། མྱ་ངན་མི་འདའ་བཞུགས་སུ་གསོལ། ། དགེ་བ་ཐམས་ཅད་མཆོག་ཏུ་བསྔོ། ། ལུས་ཉིད་ཀྱང་ནི་རྣམ་པར་དབུལ། ། བྱང་ཆུབ་སེམས་ནི་རབ་བསྐྱེད་བྱ། ། བདག་གིས་རྫོགས་སངས་རྒྱས་ཐོབ་ཤོག། དེ་ནས་བྱམས་དང་སྙིང་རྗེ་དང་། ། དགའ་བ་བཏང་སྙོམས་བསྒོམ་པར་བྱ། ། དེ་ནས་སྣོད་བཅུད་རྣམ་པར་སྦྱངས། ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ།
In the language of India: Vajrakrodhadharasādhananāma. In the language of Tibet: Khro bo rdo rje ’dzin pa’i sgrub pa’i thabs zhes bya ba (The Sādhana of the Wrathful Vajra-Holder). Homage at the feet of the venerable guru. In order to protect the assembly of elemental spirits who cause harm to the yogi, I shall, with an industrious mind, accomplish the sādhana of the supreme Vajra-Holder. First, sitting upon a comfortable seat, one should instantaneously generate oneself as the King of Wrathful Deities, the Vajra-Holder. From the radiation of the seed syllable at the heart, one should perform the three purifications of beings. Having invited the offering deities, one should emanate bodies for the purpose of pleasing them. The five types of offerings arising from the seed syllable at the heart should also be adorned through the manner of radiating and reabsorbing. Oṃ vajrasamantāgrya vajrapuṣpe hūṃ | vajradhūpe hūṃ | vajradīpe hūṃ | vajragandhe hūṃ | vajranivedye hūṃ. Then, placing the knees upon the ground and joining the palms in the vajra-mudrā, one should recite this with great devotion: "I confess all accumulated sins, however many there may be. I rejoice in all the accumulations of merit. I exhort [the Buddhas] to turn the profound wheel of Dharma. I beseech you not to pass into nirvāṇa, but to remain. I dedicate all virtue toward the supreme [enlightenment]. I also offer my very body. I shall thoroughly generate the mind of awakening (bodhicitta). May I attain perfect buddhahood." Then, one should meditate on love, compassion, joy, and equanimity. Thereafter, one should completely purify the environment and its inhabitants. Oṃ akāro mukhaṃ sarvadharmāṇām ādyanutpannatvāt.