༄། ། རྟེན་འབྲེལ་གྱི་སྲུང་བ་བཞུགས། ། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུ་རིགས་ལྔ་ལ་དུག་ལྔ་སྟེ། ། འགྲོ་བ་གཞན་ལ་གནོད་པ་བྱེད། ། གནོད་པའི་མཚན་ཉིད་འདི་ལྟ་སྟེ། ། བྲག་བར་གྲོག་པོ་གཏིང་རིང་དང་། ། རི་ཕུག་དོག་དང་སྒོ་དོག་མོར། ། མི་ཤོང་བཞིན་དུ་འཚང་བ་དང་། ། ལྷ་ཁང་ཁང་ཧྲུལ་ཉམས་མི་དགའ། ། ཆུ་དང་འདམ་རྫབ་ཟག་པ་ངན། ། གཡག་དང་བ་གླང་ར་ལུག་དང་། ། རི་དགས་གཅན་གཟན་ཁྱི་ཡིས་འཚེ། ། གཟར་བའི་རི་ལ་འཛེག་འབབ་རྨི། ། ལུས་དང་ཤེས་པ་ལྕི་བ་དང་། ། གཉིད་ཆེ་སེམས་སྐྱོ་སྣང་གླུ་ལེན། ། སྤྲོ་ཐུང་སྙིང་མི་དགའ་བ་འོང་། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ། དེ་དག་བསྲུང་དང་གསོ་བྱའི་ཕྱིར། ། རྫས་ཀྱི་སྦྱོར་བ་བསྟན་པར་བྱ། ། ཐུན་མོང་སྦྱོར་བ་བཤད་བྱ་བ། ། རི་དྭགས་ལྟེ་དྲི་འདྲེ་གསོད་ཆུ། ། ནགས་ཀྱི་རྩི་དང་རྩི་བོ་ཆེ། ། དྲི་ཆེན་ཉ་ཡི་མཁྲིས་པ་དང་། ། བྱི་སྐུ་བདུན་དུ་སྦྱར་བ་ཡིས། ། ཀླུ་གཉན་ས་བདག་ནག་མོ་དཀོར། ། འབྱུང་པོ་རྣམས་ཀྱིས་མི་ཚུགས་ཤིང་། ། མཛེ་འབྲས་ཤུ་བ་ཟ་ཀོང་དང་། ། བས་ལྡག་གཡན་པ་མེ་དབལ་དང་། ། གག་པ་ལྷོག་པ་རྨ་རིམས་དང་། ། ཚད་རིམས་རྒྱུ་གཟེར་འབྱུང་པོའི་ནད། ། བཟའ་དང་གདགས་དང་བྱུགས་དང་བདུགས། ། ཐམས་ཅད་འཇོམས་པར་བྱེད་པའི་མཆོག། ཁྱད་པར་སྦྱོར་བ་རྣམ་པ་བཞི། ། ལྟེ་དྲི་ཤིང་ཀུན་ཨ་རུ་ར། ། དྲི་ཆུས་སྦྱངས་ཤིང་ཁོང་དུ་བཏུང་། ། སྐད་སྙན་ཚེ་རིང་ནད་སྐེམས་སྲུང་། ། ལྟེ་དྲི་འདྲེ་གསོད་ཐང་ཆུ་དང་། ། ནགས་ཀྱི་རྩི་དང་རྩི་བོ་ཆེ། ། བྱི་སྐུ་ཧ་ལ་ཛཱ་ཏི་དང་། །
The Protection of Dependent Origination Homage to the glorious Vajrapāṇi! The Blessed One declared: "The five classes of nāgas possess the five poisons and inflict harm upon other beings. The characteristics of this harm are as follows: dwelling in narrow ravines, deep gorges, mountain caves, or constricted doorways; crowding into spaces where there is no room; inhabiting dilapidated temples that are unpleasant; foul-smelling water and mud; being harmed by yaks, oxen, goats, sheep, wild animals, predators, or dogs; dreaming of climbing steep mountains or descending into them; and the body and consciousness feeling heavy. One also experiences excessive sleep, a weary mind, singing, short temper, and a lack of joy. The Blessed One declared: 'In order to protect against and heal these [afflictions], I shall teach the preparation of medicinal substances. I shall explain the common preparation: the musk of the musk deer, the water that kills demons, forest resins, great medicinal herbs, human feces, and fish gallbladder—these seven ingredients combined render one invulnerable to nāgas, nyen spirits, earth-lords, black spirits, and treasure-guardians, as well as to elemental spirits. When used for eating, wearing, anointing, or fumigation, this supreme remedy destroys leprosy, tumors, sores, scabies, skin rashes, erysipelas, diphtheria, carbuncles, chronic wounds, infectious fevers, colic, and diseases caused by elemental spirits.' There are four specific preparations: the musk of the musk deer, asafoetida, and myrobalan, purified with urine and drunk internally, grant a melodious voice, long life, and protection against wasting diseases. The musk of the musk deer, the water that kills demons, storax, forest resins, great medicinal herbs, musk, halāhala, and nutmeg..."