༄༅༅། ། རྒྱ་གར་སྐད་དུ། བཛྲ་པཱ་ཎི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། ཕྱག་ན་རྡོ་རྗེའི་སྒྲུབ་པའི་ཐབས་ཞེས་བྱ་བ། ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། དྲག་པོའི་སྟོབས་ཀྱིས་འདུལ་དཀའ་འདུལ། ། བདེ་གཤེགས་ཀུན་གྱི་ཐུགས་ངོ་བོ། ། རྡོ་རྗེ་འཆང་ལ་ཕྱག་འཚལ་ནས། ། དེ་ཡི་སྒྲུབ་ཐབས་བྲི་བར་བྱ། ། བསླབ་པ་གསུམ་ལྡན་དགེ་སློང་ངམ། ། དགེ་ཚུལ་དགེ་བསྙེན་བསྙེན་གནས་པ། ། བྱ་བའི་རྒྱུད་མོས་དེ་ཡིས་བསྒྲུབ། ། གཞན་གྱིས་དེ་ལྟ་མ་ཡིན་ནོ། ། དང་པོར་ས་ཕྱོགས་གཙང་མར་རང་ཉམས་དགའ་བའི་ཕྱོགས་སུ། སྟན་བདེ་བ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་ལ། དྲི་དང་མེ་ཏོག་ལ་སོགས་པས་དཀྱིལ་འཁོར་མཛེས་པར་བྱས་ལ། མདུན་དུ་རིག་སྔགས་ཀྱི་བདག་པོ་དང་། བླ་མ་བསམས་ལ། ཇི་སྐད་གསུངས་པའི་མཆོད་པས་མཆོད། སྡིག་པ་བཤགས་པ་དང་། བྱེད་པ་བསྡམ་པ་དང་། གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ། དེ་ནས་སྭ་བྷཱ་བ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་ལན་གསུམ་བརྗོད་པས་ཐམས་ཅད་སྟོང་པར་བསམ་མོ། ། རང་སེམས་དག་པས་པཾ་པདྨ། ། དཀར་པོ་འདབ་བརྒྱད་དབུས་ཟླ་བ། ། དབུས་སུ་ཧཱུཾ་ལས་རྡོ་རྗེར་གྱུར། ། ལྟེ་བའི་དབུས་སུ་ཧཱུཾ་མཐིང་ག། གྱུར་བ་བཞི་པ་རྡོ་རྗེ་འཆང་། ། བརྐྱང་བསྐུམ་སེམས་དཔའ་ཁྲོས་པ་སྟེ། ། མཐིང་ག་ན་རའི་རྒྱན་གྱིས་སྤུད། ། འཇིགས་བྱེད་མགོ་སྐྱེས་གྱེན་དུ་བརྫེས། ། རྡོ་རྗེ་དྲིལ་འཛིན་མེ་དཔུང་བཞུགས། ། རྩེ་གཅིག་པ་ཡི་སེམས་ཀྱིས་བསམ། ། རང་སྙིང་ཟླ་བར་སྙིང་པོ་དགོད། ། སྔོན་དུ་བསྙེན་པ་སུམ་འབུམ་བྱ། །
In the language of India: Vajrapāṇisādhananāma. In the language of Tibet: Phyag na rdo rje’i sgrub pa’i thabs zhes bya ba (The Sādhana of Vajrapāṇi). Homage to Vajrapāṇi! Having prostrated to Vajradhara, the essence of the minds of all Sugatas, who subdues those difficult to tame through fierce power, I shall write his sādhana. A monk endowed with the three trainings, or a novice, a lay practitioner, or one observing the one-day vows, who has devotion to the Kriyā Tantra, should perform this practice; others are not [qualified] in that way. First, in a clean location and a direction that is pleasing to oneself, sit upon a comfortable seat in the sattvaparyaṅka posture. Having beautifully adorned a maṇḍala with perfumes, flowers, and so forth, visualize the Lord of Mantras and the Guru in front of you, and make offerings with the offerings as they have been taught. One should then confess misdeeds, restrain future actions, go for refuge in the Three Jewels, and generate the mind of awakening (bodhicitta). Then, by reciting three times: svabhāvaśuddhāḥ sarvadharmāḥ svabhāvaśuddho ’ham, contemplate everything as empty. Through the purity of one’s own mind, from paṃ comes a white eight-petaled lotus, in the center of which is a moon. In the center, from hūṃ, it becomes a vajra. In the center of the hub is a blue hūṃ. From its transformation, there is Vajradhara, with one leg extended and one tucked, the wrathful Bodhisattva. He is blue, adorned with ornaments of nāra, his terrifying hair bristling upward. Holding a vajra and bell, he dwells amidst a mass of fire. Contemplate this with a one-pointed mind. Place the essence mantra upon a moon at one’s own heart. First, perform three hundred thousand recitations of the approach (sevā).