༄། ། ཕྱག་ན་རྡོ་རྗེ་མདོ་ལུགས་ཀྱི་མན་ངག་ལག་ཏུ་བླང་བའི་སྒྲུབ་ཐབས་བཞུགས། ། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། དེ་ཡོངས་སུ་བསྙེན་པར་འདོད་པའི་རིག་པ་འཛིན་པས་དབེན་ཞིང་ཉམས་དགའ་བའི་སར་ས་བསླང་བ་དང་། གནས་བརྩིག་པ་དང་། དགོས་པའི་ཡོ་བྱད་དང་། མཐུན་པའི་སྦྱོར་བ་དང་། མཆོད་པའི་རྫས་རྣམས་བསོགས་ལ་སྔོན་དུ་འགྲོ་བའི་ལས་བྱ་སྟེ། དང་པོར་དཀོན་མཆོག་མཆོད། དེ་ནས་ཆོས་སྐྱོང་དང་རིགས་དྲུག་ལ་སྦྱིན། གཏོར་མ་རྒྱ་ཆེན་པོ་བཏང་། དེ་ནས་བསམ་གཏན་ཁང་པ་བྱི་དོར་བྱས་ཏེ། མེ་ཏོག་གཅལ་དུ་བཀྲམ་ལ་རྒྱན་རྣམས་ཀྱིས་བརྒྱན་ཏེ། དེའི་དབུས་སུ་མཎྜལ་སྔོན་པོ་གྲུ་བཞི་པ་ཅིག་གི་སྟེང་དུ། མཆོད་རྟེན་སྔོན་པོ་སྐུ་གདུང་དང་ལྡན་པའི་དྲུང་དུ་མེ་ཏོག་སྔོན་པོ་ལ་སོགས་ཏེ། མཆོད་པ་རྣམ་པ་ལྔ་དང་། གཏའ་གཏོར་དང་། བུམ་པ་བཅའ་ཐབས་རྫོགས་པར་བྱས་ལ་དང་པོར་ཁྲུས་བྱ་སྟེ། དེ་ནས་རིག་པ་འཛིན་པ་ཉིད་སྟན་བདེ་བ་ལ་འདུག་སྟེ། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། དེ་ནས་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་སྔོན་པོ་བསམས་ཏེ་སྔགས་འདི་བརྗོད་པར་བྱའོ། ། ཨོཾ་སརྦ་དྷརྨ་ཏཱ་བཛྲ་སིདྡྷི་ཧཱུཾ་ཞེས་པས་སྣོད་བཅུད་དང་རྫས་ཐམས་ཅད་དག་པ་ཆེན་པོར་བསམ་མོ། ། ཧཱུཾ་དེ་ཉིད་ལས་སྐད་ཅིག་ཏུ་ལྷའི་ང་རྒྱལ་དུ་གནས་པའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། བླ་མ་དང་། ལྷག་པའི་ལྷ་དང་། དཀོན་མཆོག་སྤྱན་དྲངས་ཏེ། ཨེ་ཧྱེ་ཧི་བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བུདྡྷ་དྷརྨ་སཾ་གྷ་བཛྲ་པཱ་ཎི། མ་ཧཱ་གུ་རུ།
The Sādhana for the Practical Application of the Pith Instructions of Vajrapāṇi According to the Sūtra Tradition Homage to the Blessed One, the Glorious Vajrapāṇi! A vidyādhara who wishes to perform the complete approach retreat should first gather the necessary materials: a secluded and pleasant site, the ground for the ritual, the construction of the dwelling, the required implements, the conducive preparations, and the offering substances. Then, one should perform the preliminary activities: first, make offerings to the Three Jewels; then, give to the Dharma protectors and the six classes of beings; and offer a vast torma. Next, having cleaned the meditation cell, scatter flowers on the floor and adorn it with ornaments. In the center, upon a square blue maṇḍala, place a blue stūpa containing relics. Before it, arrange the five types of offerings, such as blue flowers, the foundational torma, and the ritual vase, completing the setup. First, perform the ritual ablution. Then, the vidyādhara sits upon a comfortable seat and first generates the supreme mind of enlightenment. Then, from the syllable A, visualize a moon maṇḍala, upon which is a blue Hūṃ. Recite this mantra: Oṃ sarvadharma-tā-vajra-siddhi hūṃ. By this, contemplate the environment, its inhabitants, and all ritual substances as being of great purity. From that very Hūṃ, in an instant, abide in the divine pride of the deity. From the Hūṃ, light rays radiate to the ten directions, inviting the gurus, the meditational deities, and the Three Jewels. Recite: Ehyehi bhagavān sarva-tathāgata-buddha-dharma-saṃgha-vajrapāṇi mahāguru.