༄། ། ཕྱག་ན་རྡོ་རྗེའི་སྤུར་བསད་ལས་ཚོགས་བསྡུས་པ་བཞུགས། བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། བསྙེན་སྒྲུབ་རྟགས་དང་ལྡན་གྱུར་ནས། ། སྤུར་ཞིང་བསད་པའི་ལས་དག་བརྩམ། ། དེ་ཡང་ལས་ཚོགས་བསྡུས་པ་ལས། ། ཞི་བར་མ་གྱུར་གདོན་བགེགས་ལ། ། སྨྱག་ཤད་བལ་པོ་སེའུ་ཡི། ། སྔགས་བཟླས་ལྕུག་མས་བྱབས་སམ་བྲབས། ། འཇིགས་པ་བརྒྱད་ཀྱི་རྫས་ཀྱིས་གཟིར། ། ཞེས་པ་ནི་སྤུར་བསད་ཀྱི་སྦྱོར་བའོ། ། དེའང་སྤུར་པ་ནི་བསྐྲད་པའི་ལས་ཏེ། ཐོག་མར་རིག་པ་འཛིན་པ་ཉིད་ཀྱིས་ཞུགས་པ་བཞིའི་མཚན་ཉིད་བརྟགས་ལ། ནད་རྣམས་དབྱུང་ཞིང་གནོད་པ་གདོན་པར་བྱ་བའི་ཐབས་ནི། རྒྱལ་པོ་བྲམ་ཟེ་རྗེ་རིགས་ཀྱི། ། གཞོན་ནུ་གཙང་མ་ཤར་བལྟས་ཏེ། ། དཀོན་མཆོག་གསུམ་དང་གོས་སྔོན་ལ། ། ཕྱག་འཚལ་སེམས་བསྐྱེད་སྨྱག་ཤད་བླང་། ། དག་བྱེད་སྔགས་བཟླས་ཆུས་བསངས་ལ། ། ཡུངས་ཀར་རྨ་བྱ་ཚོན་སྐུད་བཅིངས། ། བྱབ་པའི་རྫས་དེ་རྟག་ཏུ་བཅང་། ། དེ་ནས་རིན་ཆེན་སྣོད་དག་ཏུ། ། གཙོ་བོ་ཀླུ་ཆེན་བརྒྱད་པོ་དང་། ། རིགས་དྲུག་རིགས་བཞིའི་ས་བདག་གཉེན། ། གཟུགས་བརྙན་བྱས་ཏེ་ཀླུ་སྨན་དང་། ། དཀར་གསུམ་རིན་ཆེན་དར་ཟབ་བཅས། ། ཤིང་སྣས་མཐའ་བསྐོར་ཚོན་ལྔས་བརྒྱན། ། གཞན་ཡང་མཆོད་རྫས་ཐམས་ཅད་བསོགས། ། རིག་པ་འཛིན་པས་སྒྲུབ་ཐབས་ལྟར། ། སྔོན་དུ་འགྲོ་བའི་ལས་རྫོགས་བྱ། ། གཙོ་བོ་གདན་གྱི་ཀླུ་བརྒྱད་ལས། ། པཾ་ལས་འདབ་བརྒྱད་ནཾ་གྱིས་མཚན། ། དེ་གྱུར་སྦྲུལ་ལམ་ཀླུ་ཆེན་བརྒྱད། ། བཙུན་མོ་སྲས་བཅས་བློན་པོ་དང་། ། སྤྲུལ་པ་ཡང་སྤྲུལ་རྣམས་བསྐྱེད་ལ། ། དེ་དང་འདྲ་བ་བཀུག་བསྟིམ་མཆོད། །
The Concise Collection of Ritual Activities for the Expulsion and Killing of Vajrapāṇi Homage to the Blessed One, the Glorious Vajrapāṇi! Once the signs of approach and accomplishment have been attained, one should undertake the activities of expulsion and killing. Regarding the concise collection of ritual activities: for those malevolent spirits and obstructors who have not been pacified, one should cleanse or strike them with a switch of śyāmāka grass or pomegranate wood while reciting the mantra. One should also afflict them with the substances of the eight fears. This is the application for expulsion and killing. Furthermore, "expulsion" refers to the activity of driving away. First, the Vidyādhara himself should examine the characteristics of the four entrances. The method for extracting diseases and expelling harmful spirits is as follows: From a royal, brahmin, or kṣatriya youth, pure and facing east, one should take a śyāmāka switch after prostrating to the Three Jewels and the Blue-Clad One (Vajrapāṇi) and generating the bodhicitta. Having purified it with water while reciting the cleansing mantra, one should bind it with white mustard seeds, peacock feathers, and colored threads. These substances for cleansing should be kept constantly. Then, in a precious vessel, one should fashion effigies of the eight principal great nāgas, the lords of the earth of the six classes and four families, and their kin. These should be accompanied by nāga medicines, the three whites, precious gems, fine silks, and various woods, surrounded by the five colors. Furthermore, all other offering substances should be gathered. The Vidyādhara should complete the preliminary activities according to the sādhana. From the eight nāgas of the principal seat, from the syllable paṃ arises an eight-petaled lotus marked with naṃ. From that, one generates the eight great nāgas in the form of snakes or as nāgas, together with their queens, sons, ministers, emanations, and further emanations. One then summons and dissolves into them those who are similar, and makes offerings.