བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། དུས་གསུམ་བདེ་གཤེགས་སྐུ་གསུང་སྲས་བཅས་ཀྱིས། ། རྗེས་གནང་ལས་ཀྱི་ཁྲོ་བོར་དབང་བསྐུར་བའི། ། ཁྲོ་བོའི་རྒྱལ་པོ་དུག་དགྲ་དྲེགས་འཇོམས་ལ། ། དང་བས་ཕྱག་འཚལ་སྒྲུབ་ཐབས་གོ་རིམ་བྲི། ། གྲངས་དང་དུས་དང་མཚན་མ་ཡི། ། བསྙེན་རྫོགས་དངོས་གྲུབ་བླང་བའི་ཕྱིར། ། གནས་དང་ཕྱོགས་དང་སྔོན་འགྲོ་བྱ། ། ཐིག་གདབ་ཚོན་དགྱེ་ཕྱག་མཚན་དགོད། ། ཁྱད་པར་རྫས་བསོག་བུམ་པ་བཅའ། ། དངོས་གྲུབ་རྟེན་དང་མཆོད་རྫས་བཤམ། ། སྡོམ་བསྲུང་སྨྱུང་གནས་ཆོས་གོས་བརྒྱན། ། ཚོགས་བསགས་སྔོན་འགྲོ་རྗེས་འཇུག་དང་། ། བསྐྱེད་རིམ་མཆོད་པ་བསྙེན་དུས་བཞིན། ། བུམ་ནང་ལྷ་བསྐྱེད་སྤྱན་དྲངས་མཆོད། ། དབང་བསྐུར་བྱིན་རླབས་བུམ་ནང་ཐིམ། ། གཟུངས་ཐག་བཏགས་ཏེ་རིག་སྔགས་བཟླས། ། སྟེང་དང་འོག་གི་ལམ་གཉིས་ལས། ། ཐུན་མོང་ཁྱད་པར་སྤྲོ་བསྡུ་བྱ། ། ཁྲི་ཕྲག་བདུན་དུ་དངོས་གྲུབ་བླང་། ། དབང་བསྐུར་མཆོད་བསྟོད་གཤེགས་སུ་གསོལ། ། བསྐྱེད་བསྡུ་སྤྱོད་ལམ་རྣལ་འབྱོར་བྱ། ། དེ་རྗེས་སྒྲུབ་པ་ཐོན་པ་དང་། ། ཞི་དང་བསྐྲད་དང་འཁྲུལ་འཁོར་དང་། ། སྦྱོར་བ་བདུན་གསལ་ལས་ལ་སྦྱར། ། སྒྲུབ་པའི་གོ་རིམ་སློབ་དཔོན་སུ་ཝཱ་གཱི་ཤྭ་ར་ཀཱིརྟིས་མཛད་པ་རྫོགས་སོ། །
Homage to the Blessed One, the glorious Vajrapāṇi! To the King of Wrathful Deities, the enemy of poison and subduer of the arrogant, who was empowered as a wrathful activity-deity by the body, speech, and mind of the Sugatas of the three times and their heirs, I prostrate with devotion and shall write the sequence of the sādhana. In order to attain the accomplishments of the approach stage through the completion of the number, time, and signs, one should prepare the location, the direction, and the preliminaries. One should strike the lines, apply the colors, and arrange the hand symbols. In particular, one should gather the special substances and prepare the vase. One should set out the supports for accomplishment and the offering materials. One should observe the vows, fast, and adorn oneself with the Dharma robes. One should perform the preliminaries for accumulating merit and the subsequent practices, as well as the generation stage and offerings, according to the time of approach. One should generate the deity within the vase, invite them, and make offerings. Through the empowerment and blessing, they dissolve into the vase. Having attached the dhāraṇī-cord, one should recite the vidyā-mantra. From the two paths of above and below, one should perform the common and special emanations and absorptions. One should take the accomplishments for seventy thousand recitations. Then, one should perform the empowerment, offerings, praises, and the request to depart. One should perform the dissolution of the generation stage and the yoga of daily activities. Thereafter, once the practice is completed, one should apply the activities of pacifying, expelling, and the yogic wheels, clarifying the seven applications. This sequence of practice composed by the master Suvarṇagīśvarakīrti is complete.