དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། ། སངས་རྒྱས་བྱེ་བ་ཕྲག་འབུམ་ཇི་སྙེད་ཀྱིས། ། རྗེས་གནང་ལས་ཀྱི་ཁྲོ་བོར་དབང་བསྐུར་བའི། ། མཐུ་སྟོབས་བདག་པོ་གདུག་པའི་གཉེན་པོ་ལ། ། དང་བས་ཕྱག་འཚལ་སྒྲུབ་པའི་གོ་རིམ་བྲི། ། དང་པོར་གནས་དང་དཀྱིལ་འཁོར་བཤམས། ། མཆོད་རྟེན་སྔོན་པོ་བུམ་པ་བཅས། ། གཏའ་བཅས་མཆོད་རྫས་ཁྲུས་བྱས་ལ། ། མཆོད་རྟེན་སྔོན་པོ་བུམ་པ་དང་། ། གཏའ་གཏོར་མཆོད་ཡོན་བྱིན་གྱིས་བརླབ། ། སེམས་བསྐྱེད་སྣོད་བཅུད་སྔགས་ཀྱིས་སྦྱངས། ། ཚོགས་བསགས་མགྲོན་གྱི་ལྷ་རྣམས་གཤེགས། ། བགེགས་བསྐྲད་མཚམས་བཅད་ཚད་མེད་བསྒོམས། ། སྟོང་ཉིད་བསྒོམས་ལ་འབྱུང་རྣམས་བསྐྱེད། ། རི་རབ་སྟེང་དུ་སྲུང་འཁོར་བསྒོམ། ། དེ་དཀྱིལ་གཞལ་ཡས་ཁང་དང་གདན། ། ཡིག་འབྲུ་རྣམས་ལས་ལྷ་རྣམས་བསྐྱེད། ། ཐུགས་ཀར་ཡེ་ཤེས་འཁོར་ལོ་བསྒོམས། ། བྱིན་རླབས་ལུས་བསྲུང་བརྟན་པར་བྱ། ། ཡེ་ཤེས་འཁོར་ལོ་དགུག་གདན་དབུལ། ། ཕྱག་འཚལ་མཆོད་བསྟོད་སྡིག་བཤགས་བསྟིམ། ། བྱིན་རླབས་འོད་ཟེར་གསུམ་འཕྲོ་འདུ། ། དབང་བསྐུར་ལྷ་རྣམས་སྤྱན་དྲངས་མཆོད། ། སྡིག་བཤགས་གཟུངས་ལྟར་རྗེས་གནང་བྱ། ། དབང་བསྐུར་བྱིན་རླབས་དེ་ཉིད་བསྟིམ། ། ལྕེ་ནི་བྱིན་རླབས་སྐྱོན་སྤངས་འདས། ། བསྙེན་དུས་ལྷར་གཏད་སྤྲོ་བསྡུ་བྱ། ། ཐུན་མཚམས་ཕྱེ་ལ་མཆོད་གཏོར་གཏང་། ། གཤེགས་གསོལ་བསྐྱེད་བསྡུ་མི་དམིགས་བསམ། ། བསྙེན་པ་རྟགས་ལྡན་དངོས་གྲུབ་བླང་། ། གཏའ་གཏོར་ནམ་གུང་ཐོ་རངས་དུས། ། དབང་བསྐུར་རྒྱས་གདབ་བུམ་ལྷ་གཤེགས། ། ལུས་བསྲུང་སྤྱོད་ལམ་རྣལ་འབྱོར་བྱ། ། རྟགས་རྣམས་སྒྱུ་མ་ལྟ་བུར་གཟུང་། །
Homage to the glorious Vajrapāṇi! To the lord of power and might, the antidote to the malevolent, Who was empowered as a wrathful activity-deity By as many as hundreds of billions of buddhas— To him I pay homage with devotion and shall write the stages of practice. First, prepare the site and the maṇḍala. Arrange a blue stūpa together with a vase, Along with the "pledge" (gta') and the ritual substances, and perform the purification. Bless the blue stūpa, the vase, The pledge-torma, and the offering water. Generate the bodhicitta and purify the environment and its inhabitants with the mantra. Accumulate the collections and invite the guest deities. Expel obstructors, establish the boundary, and meditate on the four immeasurables. Meditate on emptiness and generate the elements. Upon Mount Meru, meditate on the protection wheel. In its center, the celestial palace and the seats; From the seed-syllables, generate the deities. Meditate on the wisdom wheel at the heart. Bestow blessings, protect the body, and stabilize it. Summon the wisdom wheel, offer the seat, Pay homage, present offerings and praise, confess misdeeds, and dissolve [the deities]. The blessings radiate and reabsorb as three rays of light. Bestow the empowerment, invite the deities, and make offerings. Confess misdeeds and perform the authorization (rjes gnang) according to the dhāraṇī. Bestow the empowerment, bless it, and dissolve that very essence. The tongue is blessed, free from defects, and transcendent. During the approach (bsnyen pa), focus on the deity and perform the radiation and reabsorption. Distinguish the intervals between sessions and offer the torma. Request the deities to depart, dissolve the generation, and contemplate non-referentiality. When the signs of approach are present, receive the accomplishments (siddhi). At midnight or at dawn, offer the pledge-torma. Bestow the empowerment, seal it, and dismiss the vase deities. Perform the protection of the body and the yoga of daily activities. Grasp all signs as being like an illusion.