༄༅། ། ཇོ་བོ་ཐུགས་རྗེ་ཆེན་པོ་ནད་ཐམས་ཅད་ལས་རྣམ་པར་རྒྱལ་བ་གཟི་བརྗིད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། འཇིག་རྟེན་གསུམ་དབང་རྣམ་པར་རྒྱལ། ། འགྲོ་བའི་ནད་ནི་སྣ་ཚོགས་དང་། ། དེ་རྒྱུ་ཉེ་དང་རིང་བ་བསྩལ། ། མ་ལུས་ཕ་རོལ་ཕྱིན་ཕྱག་འཚལ། ། བློ་ལྡན་བདག་གམ་གཞན་གྱི་དོན། ། རྩོལ་བ་ཆེ་ལ་ཞུགས་པ་ན། ། དགྲ་དང་གདོན་ཉིད་དང་ལས་དང་། ། དེ་བཞིན་རྐྱེན་གཞན་ནད་སྐྱེད་བྱེད། ། དེ་ལ་དཔལ་ལྡན་སྤྱན་རས་གཟིགས། ། སྡུག་བསྔལ་ཅན་ལ་ཐུགས་བརྩེ་བས། ། སྲུང་དང་སྐྱོབ་དང་སྦེད་རིམ་བཞིན། ། སྙིང་དབུས་སྤྱི་བོ་ཕྱག་མཚན་བཤད། ། རླུང་མཁྲིས་བད་ཀན་འདུས་པ་ཉིད། ། འོག་མའི་རིམས་དྲག་སྣ་ཚོགས་རིགས། ། མཛེ་ཅན་དང་ནི་སྐྲན་དམུ་ཆུ། ། ཐིབས་ནོན་ལ་སོགས་ཀུན་དེས་སྐྱོབ། ། སྒྲུབ་པོ་དང་ལྡན་བྱམས་ཡིད་བརླན། ། ཕོ་བྲང་མཆོག་ཏུ་བལྟས་པ་དེ། ། ཁྲུས་བྱས་གོས་དཀར་བཟང་གྱོན་ལ། ། ཚངས་པའི་གནས་པས་ལེགས་གནས་བྱ། ། སྣ་ཚོགས་མཆོད་མཛེས་དཔག་མེད་དང་། ། འབྱུང་པོ་རྣམས་ཀྱིས་དོན་གྲུབ་རྫས། ། སྟོབས་ཅན་དཀར་དམར་མང་དང་ལྡན། ། བདུག་པ་མཆོག་གིས་བདག་གུས་མཆོད། ། ཨོཾ་ཨཱཿཧྲཱིཿསརྦ་བྱཱ་དྷི་པྲ་ཏི་པྲ་ཧ་ན་ཧཱུཾ་ཕཊ་སྭཱ་ཧཱ། བདག་ཉིད་འདབ་སྐྱེས་སྟོང་དབུས་སུ། ། ཇི་སྐད་འབྱུང་བའི་རྒྱལ་བ་ཉིད། ། འོད་དཔག་མེད་ཀྱི་སྙིང་པོར་བཅས། ། དཀར་གསལ་རྣམ་པར་མི་གཡེང་བའོ། ། དེ་ནས་དད་པ་དྲག་གདུང་བཅས། ། འགྲོ་ལ་བརྩེ་དང་གཞན་ལྟོས་མེད། ། གཅིག་ཏུ་རྣམ་པར་ངེས་ཡིད་ཀྱིས། ། སྐྱབས་གསོལ་མགོན་པོ་སྤྱན་དྲང་བྱ། ། དཔག་མེད་སྤྲིན་ཚོགས་མཆོད་པའི་ལྷས། ། ལྷ་མཆོག་མདུན་དུ་བདར་ནས་ནི།
Homage to the Lord of Great Compassion, the King of Splendor who is Victorious Over All Diseases. Victorious over the lords of the three worlds, You dispel the various diseases of beings, Along with their immediate and remote causes. Homage to you who have perfected all without exception! When the wise engage in great effort For the sake of themselves or others, Enemies, malevolent spirits, karma, And likewise other conditions produce disease. In that regard, the glorious Avalokiteśvara, Out of compassion for those in suffering, Provides protection, rescue, and concealment in sequence; This is explained through the heart, the crown, and the hand symbols. Wind, bile, phlegm, and their combination, Various types of severe lower-fever epidemics, Leprosy, tumors, dropsy, And being overwhelmed by darkness—all are protected by him. The practitioner, possessing a mind moistened by love, Gazing upon the supreme palace, Having bathed and put on fine white garments, Should dwell well in the Brahma-abodes. With various beautiful and immeasurable offerings, And substances that accomplish the aims of spirits, Along with many powerful white and red [substances], One should respectfully offer the supreme incense. OṂ ĀḤ HRĪḤ SARVA BYĀDHI PRATIPRAHAṆA HŪṂ PHAṬ SVĀHĀ. Within the center of a thousand-petaled lotus, One is the Victorious One himself as described, Together with the essence of Amitābha, Radiant white and utterly undistracted. Then, with intense faith and yearning, With love for beings and no regard for self, With a mind single-pointedly resolved, One should take refuge and invite the Protector. With clouds of immeasurable offering deities, The supreme deity is escorted forward.