༄༅། ། འཕགས་པ་སྤྱན་རས་གཟིགས་རྡོ་རྗེའི་རྒྱས་བཏབ་པ་ལ་ཕྱག་འཚལ་ལོ། ། འཕགས་པ་སྤྱན་རས་གཟིགས་ལ་དད་པ་ཐོབ་པས། ཚོར་བས་གཟིར་བ་དང་། གདོན་གྱིས་གླགས་བཙལ་བ་དང་། རྐུན་པོ་དང་དགྲས་འཇིགས་པའི་ནུས་པའི་དབང་བ་བསྲུང་བ་ལ་སོགས་པའི་དོན་དུ་སྙིང་རྗེ་ཆེན་པོས་སྲུང་སྐུད་བཅིང་བར་བྱའོ། ། འཁོར་ལོ་རྡོ་རྗེ་རིན་ཆེན་དང་། ། པདྨོ་སྣ་ཚོགས་ཁ་དོག་ཅན། ། རས་དང་དར་དང་བལ་དང་བཅས། ། པདྨའི་སྐུད་པ་ཤིན་ཏུ་བསྔགས། ། གཞོན་ནུ་གོས་དམར་གོས་དཀར་གྱོན། ། རྒྱན་དམར་རྒྱན་དཀར་དེ་བཞིན་དུ། ། ཅོད་པན་ཐབས་དང་ཤེས་རབ་འཛིན། ། རྡོ་རྗེ་དྲིལ་འཛིན་གཡས་གཡོན་འཛིན། ། མཆོད་པ་ཀུན་སྔོན་འགྲོ་བ་ཡིས། ། འདབ་བརྒྱད་པདྨོ་བྲིས་དབུས་སུ། ། གཉིས་ཀྱིས་སྲད་བུ་བཞག་ནས་ནི། ། བགེགས་བསལ་གཏོར་མ་སྔོན་སོང་སྦྱར། ། དེ་རྗེས་ལྷག་པའི་ལྷར་བསྐྱེད་ནས། ། འཇིག་རྟེན་དབང་ཕྱུག་པདྨོ་དང་། ། སྲད་བུ་བསྣམས་པས་དགྱེས་བཞུགས་ལ། ། འོད་འཕྲོས་མདུད་པ་དོར་བར་བྱ། ། ལུས་ངག་སེམས་གསུམ་བཅིངས་པ་ཡི། ། རྒྱ་གསུམ་ཕྱག་རྒྱ་བསམ་པ་སྟེ། ། ཏིང་ངེ་འཛིན་གསུམ་སྔགས་གསུམ་རིམ། ། སློབ་དཔོན་མི་གཡེང་ལ་གནས་པས། ། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་དང་། ། སྡིགས་མཛུབ་རྡོ་རྗེ་རྩེ་གཅིག་ཉིད། ། སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས། ། འོད་ཕྱུང་རྡོ་རྗེའི་རྒྱས་བཏབ་པའོ། ། ཨོཾ་ཨཱཿཧྲཱིཿཀཱ་ཡ་བཛྲ་ཀཱ་ཡ་ཀཎྛ་ཧཱུཾ། ཨོཾ་ཨཱཿཧྲཱིཿཝཱཀ་བཛྲ་ཝཱཀ་ཀཎྛ་ཧཱུཾ། ཨོཾ་ཨཱཿཧྲཱིཿཙིཏྟ་བཛྲ་ཙིཏྟ་ཀཎྛ་ཧཱུཾ། དམ་ཚིག་སྲད་བུ་དུང་དང་བྱི་རུ་གསེར་འོད་བཻ་ཌཱུར་ཨིནྡྲའི་མདོག་གསལ་བ། །
Homage to the Noble Avalokiteśvara Sealed with the Vajra. Having gained faith in the Noble Avalokiteśvara, for the sake of protecting those afflicted by sensations, those seeking to exploit through malevolent spirits, and those terrified by thieves and enemies, one should bind a protection cord with great compassion. The wheel, the vajra, the jewel, the lotus, and the variegated [colors], along with cotton, silk, and wool—lotus thread is highly praised. A youth wearing red and white garments, likewise adorned with red and white ornaments, holding the crown of method and wisdom, and holding a vajra and bell in the right and left hands. Preceded by all offerings, having drawn an eight-petaled lotus, place the two cords in the center. Having first performed the expulsion of obstructors and the offering cake, subsequently generate the supreme deity. Lokeshvara, holding a lotus and a cord, remains joyfully seated; light radiates forth, and the knots are cast. The three seals that bind body, speech, and mind are to be visualized: the three samādhis and the sequence of the three mantras. The master, remaining undistracted, binds the two vajra fists; the threatening forefinger is the single-pointed vajra itself. By the nature of body, speech, and mind, light is emitted, sealing with the vajra. OṂ ĀḤ HRĪḤ KĀYA VAJRA KĀYA KAṆṬHA HŪṂ. OṂ ĀḤ HRĪḤ VĀKA VAJRA VĀKA KAṆṬHA HŪṂ. OṂ ĀḤ HRĪḤ CITTA VAJRA CITTA KAṆṬHA HŪṂ. The samaya cord is clear, with the colors of conch, coral, golden light, lapis lazuli, and sapphire.