༄༅། ། འཕགས་པ་ཐུགས་རྗེ་ཆེན་པོ་ཐུགས་རྗེ་ཁྲོས་པ་ལ་ཕྱག་འཚལ་ལོ། ། མ་ལུས་ཡོན་ཏན་རྒྱ་མཚོའི་མཐས་ཀླས་པས། ། འགྲོ་བའི་དོན་དུ་རྨད་བྱུང་ཤིན་ཏུ་གྲགས། ། སྟོབས་བཅུ་ལྷ་དང་མི་ལུས་རྣམ་རྒྱལ་བ། ། གཙོ་བོ་ཉིད་གཅིག་ཐུགས་རྗེས་ཁྲོས་ལ་འདུད། ། སྙིང་རྗེ་ཤེས་རབ་འོད་གསལ་ཤེས་རབ་དག། གཉིས་མེད་གཉིས་སུ་རབ་སྟོན་པ། ། དེ་མིང་ཐུགས་རྗེ་ཆེན་པོའོ། ། གདུལ་བྱའི་དོན་མཐོང་རང་བཞིན་དང་། ། ཅིག་ཤོས་ཞི་དང་ཞི་བྲལ་དང་། ། གདུལ་བྱ་རྣམས་ཀྱི་དོན་ཕྱིར་ནི། ། དཔལ་ལྡན་བཟང་ཁྲོས་པར་སྣང་བ། ། ཉིན་མཚན་ཟླ་བ་དཀར་དང་ནག། དུལ་བ་དང་ནི་གདུག་པ་དང་། ། གཉིས་ལ་གཉིས་མཛད་མགོན་པོ་མཆོག། ཆ་ལུགས་གཉིས་ཀྱིས་གཉིས་བྱའོ། ། བདག་ཉིད་རྡོ་རྗེ་ཆེན་པོ་ཡི། ། བསྲུང་བས་གཟི་བྱིན་བསྐྱེད་པའི་རྗེས། ། དེ་ཡི་གནས་དང་ལུས་བསྐྱབ་པའང་། ། ཇི་བཞིན་ཅིག་ཅར་ཐོག་ཐག་བརྟག། ཨོཾ་ཨཱཿཧྲཱིཿཧཱུཾ། ཨོཾ་ཨཱཿཧྲཱིཿཧོ། ཨོཾ་ཨཱཿཧྲཱིཿཧཿ། ཨོཾ་ཨཱཿཧྲཱིཿཕཊ། རྒྱ་གྲམ་གཟུགས་ཀྱིས་བཞད་པའི་ཞལ། ། གནམ་ལྕགས་རྒྱུན་སྒྲ་སྔགས་ཀྱི་ལྕེས། ། བསྲུང་བ་བྱ་དང་བརླག་བྱ་བ། ། མཚན་མའི་རྣལ་འབྱོར་ལས་གཞན་མིན། ། གཞན་བསྐྱབ་པའི་ཆོ་ག་རྫོགས་སོ། །
Homage to the Noble Great Compassionate One, the Wrathful Compassionate One. Boundless by the limits of an ocean of qualities without exception, Renowned as a marvel for the sake of wandering beings, Victorious over gods and humans through the ten powers— I bow to the Sole Lord, the Wrathful Compassionate One. Compassion and insight, the luminosity and pure insight, Teaching non-duality as the two: That is the name of the Great Compassionate One. Seeing the needs of those to be trained, his nature Is both peaceful and free from peace; For the sake of those to be trained, The glorious and noble one appears in wrath. Like the white and black moon of day and night, Taming and fierce, The Supreme Protector acts as two for the two; By two modes of attire, he performs the two. Following the generation of majestic splendor Through the protection of the great Vajra himself, One should likewise examine the protection Of his abode and body, simultaneously and completely. OṂ ĀḤ HRĪḤ HŪṂ OṂ ĀḤ HRĪḤ HOḤ OṂ ĀḤ HRĪḤ HAḤ OṂ ĀḤ HRĪḤ PHAṬ With a laughing face in the form of a crossed-vajra, With the tongue of mantra, the sound of a continuous stream of meteoric iron, The protection to be performed and the destruction to be wrought Are none other than the yoga of signs. The ritual for protecting others is complete.