༄༅། ། ཐུགས་རྗེ་ཆེན་པོ་སྤྱན་འཁོར་ལོ་རབ་ཏུ་འབར་བ་ལ་ཕྱག་འཚལ་ལོ། ། ཐུགས་རྗེ་ཆེན་པོ་གདུལ་བྱ་ཡི། ། དོན་དུ་ལྷོར་བལྟས་འཁོར་ལོ་བྲི། ། ཉི་ཤར་ཟླ་རྒྱས་སྐར་མདའ་འཕྲོ། ། འབྲུག་སྒྲ་གྲག་དང་ཆར་དྲག་འབབ། ། སྤྲིན་མེད་པ་དང་རྙེད་པ་ཐོབ། ། དེ་ཚེ་སྔགས་གསུམ་རིམ་བཞིན་ནོ། ། ག་བུར་ཙནྡན་དཀར་ཐིག་ལེ། ། སྐུ་གདུང་ཁྲུས་ཆབ་སྦྱོར་བ་ཡིས། ། མུ་ཁྱུད་ཨ་ཕྲེང་དཀར་ལྡན་པའི། ། འཁོར་ལོ་རྩིབས་བརྒྱད་རབ་དཀར་བྲི། ། ཨོཾ་ཨཱཿཧྲཱིཿཧཱུཾ་ཧོཿཕཊ་སྭཱ་ཧཱ། གླ་རྩི་ཙནྡན་དམར་ཟླ་མཚན། ། སྙིང་རྗེ་ཆེན་པོའི་མེ་ཏོག་ཆུས། ། ཟེའུ་འབྲུ་དཀར་ཕྲེང་དམར་ལྡན་པའི། ། པདྨོ་འདབ་བརྒྱད་རབ་དམར་བྲི། ། ཧྲཱིཿཤྲཱིཿདྷི་གྷི་ཛཿཧཱུཾ་བཾ་ཧོཿ། གུ་གུལ་སྦྲང་དང་མྱོས་བྱེད་ཆུ། ། སྙིང་རྗེས་ཟགས་པའི་མཆི་མས་སྦྱར། ། ཐབས་ཤེས་ཐིག་ལེ་གཉིས་ལྡན་པའི། ། ལྟེ་བར་བདེ་གཤེགས་སྙིང་པོ་བྲི། ། སྔགས་གསུམ་རྫས་གསུམ་གོ་རིམ་བཞིན། ། མིང་དང་རུས་དང་ས་བོན་དགོད། ། རཀྵཿགཉིས་ཀྱིས་མཐའ་རྟེན་ལ། ། མི་འགྱུར་ཐིག་ལེས་མཚན་པར་བྱ། ། དེ་ནས་དཀར་ཕྱོགས་གཟའ་སྐར་ཤིས། ། ཡེ་ཤེས་བཀུག་ནས་རབ་གནས་བྱ། ། མེ་ཏོག་དཀར་དམར་སྔོ་གཏོར་ལ། ། མཆོད་པ་ཀུན་གྱིས་མངོན་མཆོད་གདགས། ། སྲུང་བའི་འཁོར་ལོ་རྫོགས་སོ། །
Homage to the Great Compassionate One, the Blazing Wheel of Eyes. For the sake of those to be trained, one should draw a wheel facing south. When the sun rises, the moon is full, a shooting star flies, the roar of thunder resounds, or heavy rain falls; when the sky is cloudless or when a treasure is found—at those times, the three mantras are applied in sequence. With camphor, white sandalwood, and tilaka, mixed with the bathing water of the śarīra, one should draw a brilliant white eight-spoked wheel with a white garland of A syllables around the rim. Oṃ āḥ hrīḥ hūṃ hoḥ phaṭ svāhā. With musk, red sandalwood, and menstrual blood, mixed with the water of the flower of great compassion, one should draw a brilliant red eight-petalled lotus with a white and red garland of kiñjalka (anthers). Hrīḥ śrīḥ dhi ghi jaḥ hūṃ vaṃ hoḥ. With guggulu, honey, and intoxicating liquor, mixed with tears shed through compassion, one should write the tathāgatagarbha in the center, possessing the two bindus of method and wisdom. The three mantras and the three substances are to be arranged in their proper order: the name, the clan, and the seed syllable. These are supported at the ends by two rakṣa syllables and marked with the unchanging bindu. Then, during an auspicious constellation of the waxing moon, summon the jñānasattva and perform the consecration. Scatter white, red, and blue flowers and offer all types of offerings. This concludes the protective wheel.