༄༅། ། འཕགས་པ་ཐུགས་རྗེ་ཆེན་པོ་ཀུན་ནས་འབར་བའི་མཚན་མ་ཅན་ལ་ཕྱག་འཚལ་ལོ། ། ཏདྱ་ཐཱ་ཨོཾ་ཨཱཿཧྲཱིཿབཛྲ་བཛྲོདྦྷ་ཝ་སརྦ་དྷརྨྨ་ནི། སྭ་བྷཱ་བ་རཱུ་པེ་ཏ་གརྦྷ་ཌིཎྜྷ་ཛྭ་ལ་ཛྭ་ལ། པྲ་ཏི་ཛྭ་ལ་པྲ་ཏི་ཛྭ་ལ་ཧ་ན་ཧ་ན་པྲ་ཧ་ན་པྲ་ཧ་ན། སརྦ་ཏ་ཐཱ་ག་ཏོ་ཙིཏྟ་སྠཱི་ར་ཧཱུཾ་ཕཊ། ལྟེ་དབུས་རྟ་བདུན་འབར་བ་ཉིད། ། ཧྲཱིཿཡིག་འཕྲོས་པས་མཚམས་བསྒོམས་ལ། ། སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། ། ཚོགས་རྫོགས་རྡོ་རྗེ་སྒེག་པར་བལྟ། ། ཧཱུཾ་བརྗོད་རིམ་གྱིས་འཕེལ་འགྱུར་ཏེ། ། ཨ་བརྗོད་བདག་ལུས་བཞུ་བ་ནི། ། རྡོ་རྗེ་ལ་བཅུག་ཧོཿབརྗོད་པས། ། ཀུན་དུ་བསྐོར་ཞིང་སྤང་བར་བྱ། ། ལྟེ་བར་ཧཱུཾ་མཚན་རྩ་བ་ཨ་དང་དེ་བཞིན་ཧོ། ། ཨ་སོགས་ཀ་སོགས་བདེ་ཆེན་བདུན་པའི་ཡི་གེའང་དེ་མཐར་ཕྲེང་བའི་ཚུལ། ། སྔགས་བརྗོད་རབ་ཞི་གདུག་པའི་སེམས་སྐྲག་ཡེ་ཤེས་མེ་ལྕེ་འབར། ། མི་བཟད་སྒྲ་གྲག་ནམ་མཁའི་ངོས་ལ་སེར་སྤྲིན་འབྲུག་གི་ང་རོ་བཞིན། ། རྣལ་འབྱོར་རྒྱལ་པོ་གཟི་བརྗིད་ཆེ། ། ཐུགས་རྗེ་ཁྲོས་པས་དྲག་པའི་ཐུགས། ། དཔལ་ལྡན་རྣམ་པར་རྒྱལ་ཕྱག་འཚལ། ། དགྲ་གདོན་སྡིག་པ་ཀུན་སེལ་བའོ། ། དཔལ་རྡོ་རྗེ་འབར་བའི་བསྲུང་བ་ཆེན་པོའི་མན་ངག་རྫོགས་སོ། །
Homage to the Noble Great Compassionate One, the One Possessing the Sign of Blazing All Around. Tadyathā oṃ āḥ hrīḥ vajra vajrod-bhava sarva-dharmāṇi svabhāva-rūpetagarbha ḍiṇḍha jvala jvala pratijvala pratijvala hana hana prahana prahana sarva-tathāgata-citta-sthira hūṃ phaṭ. In the center of the navel is the blazing seven-horsed sun; meditate on the boundary as the radiating syllable HRĪḤ. Through the application of emanation and reabsorption, the accumulations are perfected; view [the deity] as the Vajra Dancer. By reciting HŪṂ, [the visualization] gradually increases. By reciting A, one's own body is melted and inserted into the vajra; by reciting HOḤ, it is to be rotated and cast away everywhere. At the navel is the mark of HŪṂ, the root A, and likewise HOḤ. The vowels and consonants, as well as the letters of the seventh [syllable] of Great Bliss, are arranged in the manner of a garland at the end. By reciting the mantra, the peaceful [state] is attained, and the fierce mind is terrified; the flames of wisdom blaze. A terrible sound resounds like the roar of thunder from yellow clouds across the expanse of the sky. The King of Yogis, of great majesty, with a fierce mind through wrathful compassion—homage to the glorious Vijaya. This is the clearing away of all enemies, obstructors, and sins. The pith instructions for the Great Protection of Glorious Blazing Vajra are complete.