༄༅། ། ཐུགས་རྗེ་ཆེན་པོ་གཙུག་ཏོར་ནས་བྱུང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། མཚན་མར་འཛིན་པའི་སྐྱེ་བོ་ལྡོངས་པ་ཡང་། ། གང་གིས་ཤེས་རབ་ཐུགས་རྗེ་འབར་བ་ཡིས། ། མི་གཏོང་རྟག་ཏུ་སྤྱི་གཙུག་རྩ་མཆོག་རྩེར། ། བརྟན་བཞུགས་བདག་གིར་མཛད་པ་དགོངས་གྲུབ་ཤོག། མི་ནི་རིང་ནས་དད་དང་མངོན་འདོད་ཡོད། ། དེ་ལ་དྲང་སྲོང་ནམ་ཡང་མི་རིང་སྟེ། ། ཐག་རིང་མཚོ་ནང་པདྨ་སྐྱེས་པ་ཡང་། ། བུང་བ་ནགས་ན་གནས་པ་ཉིན་རེར་བརྟུལ། ། འདི་ན་ཚངས་སོགས་གྲགས་ཆེན་མཐུ་ཅན་ཡང་། ། ན་རྒས་སྐྱེ་འཆི་སྲིད་པའི་དགྲ་ཚོགས་ལས། ། རྒྱལ་བར་མ་གྱུར་ཡ་ང་མ་སྤངས་ན། ། ནུས་པ་བདག་ལ་ཅི་ཞིག་བདེ་བ་ཡིས། ། ས་གསུམ་དབང་ཕྱུག་འཇིག་རྟེན་སྐྱོབ་ཉིད་འདིར། ། མཆོག་དམན་བར་མའི་ཡིད་ཅན་སྐལ་རིམ་བཞིན། ། སྙིང་དབུས་སྤྱི་གཙུག་རིང་ནས་སྐྱོབ་དམ་བཅས། ། དེ་བཞིན་སྐྱབས་འདོད་གཙུག་ཏོར་ཆོ་ག་བསམ། ། དཀྱིལ་འཁོར་བསྟན་བཅས་མིག་ཕབ་སྟེ། ། སྨྱུག་མ་ལྟ་བུའི་ཚིགས་རྒྱུན་གྱིས། ། སྒོ་གཉིས་ནས་ནི་དབུགས་བཟློག་ལ། ། རྩ་མཆོག་རྩེར་ནི་ཐུགས་དབང་ལྷ། ། རྟ་མཆོག་ལམ་ནི་སྡོང་བུས་ཏེ། ། དཀྱིལ་འཁོར་གང་ཡིན་རྒྱ་མཚོའོ། ། སྤྱི་གཙུག་འདབ་མ་བྱེ་བས་ཏེ། ། དེ་སྟེང་མཐོ་གང་འཕགས་པ་ལྷ། ། ལྔ་ལྡན་ཡལ་ག་དབུས་འདབ་ལ། ། མི་གཡོའི་ཕྱག་རྒྱ་པདྨོ་འཛིན། ། རྩ་སྐྱོབ་རླུང་སྐྱོབ་ཐིག་ལེ་སྐྱོབ། ། ཏིང་འཛིན་སྐྱོབ་རྣམས་ཕྱོགས་བཞིའོ། ། ཧྲཱིཿཡིག་སྙིང་ག་ལས་འོངས་ས་བོན་དང་། ། རི་དབང་ནས་བསྐྱོད་ཡེ་ཤེས་ལྷ། ། འདུས་གྱུར་བདེ་གཤེགས་བཞིར་བཅས་ཡུམ། ། སྒྲུབ་པ་པོས་ནི་རྣམ་པར་བསྒོམ། །
Homage to the King of Great Compassion, who emerged from the uṣṇīṣa. May the blind beings who grasp at signs be forever held by you, who blaze with the fire of wisdom and compassion, and may your intention to remain steadfastly established at the crown of my head be fulfilled. People have long possessed faith and aspiration; for them, the Sage is never far away. Even the lotus born in a distant lake is daily visited by the bee dwelling in the forest. Here, even those of great renown and power, such as Brahmā and others, have not triumphed over the enemy hosts of birth, aging, sickness, and death within existence. If they have not abandoned their dread, what power do I possess to bring about happiness? In this world, the Sovereign of the Three Realms, the Protector himself, has long ago pledged to protect all sentient beings—superior, inferior, and middling—according to their fortune, at the center of the heart and the crown of the head. Likewise, those seeking refuge should contemplate the uṣṇīṣa ritual. Having lowered the eyes toward the maṇḍala and its supports, with a continuous flow like the joints of a bamboo cane, reverse the breath through the two gates. At the tip of the supreme channel, the deity of the Mind is the Hayagrīva path; the maṇḍala is the ocean. The crown of the head is the opening of ten million petals; above that, one span high, is the Noble Deity. In the center petal of the fivefold branch, he holds a lotus with the immovable mudrā. The protection of the channels, the protection of the winds, the protection of the drops, and the protection of meditative concentration are in the four directions. The practitioner should clearly visualize the seed syllable Hrīḥ arising from the heart, the wisdom deity moving from the King of Mountains, and their union with the four Sugatas and their consorts.