༄༅། ། ཐུགས་རྗེ་ཆེན་པོ་ལམ་གྱི་བཞི་མདོ་ཅན་ལ་ཕྱག་འཚལ་ལོ། ། རྒྱུ་དང་མི་རྒྱུའི་འཇིག་རྟེན་ལ། ། ཐུགས་བརྩེས་དབེན་པ་སྤངས་ནས་ནི། ། ལམ་གྱི་བཞི་མདོར་ཀུན་དོན་སྤྱོད། ། སྐྱོ་བ་མེད་སྐྱོབ་སྒྲུབ་ཐབས་བྲི། ། བྱང་ཆུབ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་ཅན་གྱིས་བདག་ཉིད་གྲགས་པ་ལ་སོགས་པའི་ཕྱིར་མ་ཡིན་པར་ལམ་གྱི་བཞི་མདོ་དང་ཚོང་འདུས་ཆེན་པོ་ལ་སོགས་པར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བསྒྲུབ་པར་བྱའོ། ། དེ་ནི་ཐུགས་རྗེ་ཤེས་རབ་ཀྱིས། ། དབེན་པ་སྤངས་ཕྱིར་ཆགས་མེད་ཕྱིར། ། ལམ་ཆེན་ཞུགས་དང་ལྟོས་མེད་ཕྱིར། ། འདུ་འཛིར་འདུ་འཛི་མེད་པས་གྲུབ། ། རེ་ཞིག་སྐྱེ་བོ་མང་པོའི་སྤྱོད་ཡུལ་དུ་བྱེད་པའི་གནས་ནི་འཕགས་པ་དགྱེས་པའི་གནས་ཡིན་པས་དེར་སྤྱིལ་བུ་འམ་ཁང་བུ་ལ་སོགས་པ་གནས་མལ་ཁ་དོག་དཀར་པོ་པདྨོའི་ཏོག་ཅན་ལེགས་པར་བཅོས་ལ། ཇི་སྙེད་འབྱོར་པའི་ཡོ་བྱད་ཐམས་ཅད་ཀྱིས་འཕགས་པ་ཉིད་མཆོད་པའི་ཕྱིར་བརྩོན་པར་བྱའོ། ། སྐྱོབ་པ་སྐྱོབ་པ་མེད་གཅིག་པུ། ། ལྗོན་ཤིང་བཟང་ལ་སྐུ་བརྟེན་ཏེ། ། པདྨོ་དང་ནི་འབྲས་བུ་སྟེར། ། བཅུ་དྲུག་ན་ཚོད་མཛེས་པའོ། ། ཆོ་ག་བཟང་ཤེས་བདག་དང་ལྷ། ། ཐ་དད་རིམ་གྲོ་བྱ་བྱེད་དུ། ། བལྟས་ཏེ་དུས་གསུམ་མཆོད་པས་མཆོད། ། དེ་མཉེས་བྱ་ཕྱིར་རིག་པ་བཟླས། ། ཨོཾ་ཨཱཿཧྲཱིཿསརྦ་ལོ་ཀཱརྠཱ་སརྦ་སིདྡྷི་སིདྡྷི་ཧཱུཾ་ཧཱུཾ་ཧཱུཾ། སརྦ་སཏྭཱརྠཱ་པ་རི་པཱུ་རུ་པཱུརྦ་ས་མ་ཡ་སྨ་ར་ཧཱུཾ་ཧཱུཾ་ཧཱུཾ་སརྦ་ཙིཏྟ་སཾ་དུཥྚཱན་བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། པྲ་ཏྱཏྤནྣ་སུ་སཾ་བྷ་བ་ཀ་ར་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བྱ་བའི་འབུམ་ཕྲག་གཅིག་བཟླས་ལ།
Homage to the Great Compassionate One who dwells at the crossroads. Having abandoned isolation out of compassion for the world of the moving and the non-moving, he acts for the benefit of all at the crossroads. I shall write the sādhana of the Protector who is free from weariness. The great Bodhisattva endowed with great compassion should practice the realization of the noble Avalokiteśvara at crossroads, great marketplaces, and the like, and not for the sake of his own fame or similar motives. Because he is free from isolation through compassion and insight, Because he is free from attachment, Because he has entered the great path and is without dependence, He achieves accomplishment amidst the bustle, being free from bustle. For a time, a place frequented by many people is a site that pleases the noble ones. There, one should properly prepare a dwelling such as a hut or a small cottage, white in color and adorned with a lotus pinnacle. One should then exert oneself in making offerings to the noble one himself with all the requisites one can afford. The Protector, the sole protector of those without protection, Leans against a fine tree, Bestowing lotuses and fruit, Beautiful in the bloom of youth at sixteen. Knowing the excellent ritual, one should view oneself and the deity as distinct in the roles of worshiper and object of worship, and make offerings with the three times. To please him, one should recite the vidyā: OṂ ĀḤ HRĪḤ SARVA-LOKĀRTHĀ SARVA-SIDDHI-SIDDHI HŪṂ HŪṂ HŪṂ SARVA-SATTVĀRTHĀ PARI-PŪRAYA PŪRAYA SAMAYA SMARA HŪṂ HŪṂ HŪṂ SARVA-CITTA-SAṂDUṢṬĀN BHARA BHARA SAṂBHARA SAṂBHARA PRATYUTPANNA-SU-SAṂBHAVA-KARA HŪṂ HŪṂ HŪṂ. One should recite this one hundred thousand times.