༄༅། ། ཐུགས་རྗེ་ཆེན་པོ་དཔག་བསམ་གྱི་ཤིང་ཅན་ལ་ཕྱག་འཚལ་ལོ། ། དཔག་མེད་བསོད་ནམས་ཡེ་ཤེས་ཚོགས་རབ་སྨིན་པའི་རྒྱུས། ། གང་སྐུ་མི་གཏོང་དཔག་བསམ་ཤིང་ཆེན་བསིལ་གྲིབ་ཅན། ། འགྲོ་བའི་དོན་དུ་ཤིན་ཏུ་རྨད་བྱུང་སྐུ་སྟོན་པ། ། སྤྱན་རས་གཟིགས་དབང་ཐུགས་རྗེ་ཆེ་མངའ་འདིར་མཉེས་བརྗོད། ། ཐོག་མར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོས་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། ། ཕྱི་དང་ནང་ལ་སོགས་པའི་རྣམ་པར་དག་པ་སྒྱུར་བའི་རིམ་པས་རྒྱས་བཏབ་ལ། བདག་ཏིང་ངེ་འཛིན་རྒྱལ་པོའི་ངང་ལ་གནས་པས། རིན་པོ་ཆེའི་ས་གཞི་ལས་མངོན་པར་བྱུང་བའི་དཔག་བསམ་གྱི་ཤིང་གི་ཡལ་ག་དང་། མེ་ཏོག་དང་འབྲས་བུ་བསམ་གྱིས་མི་ཁྱབ་པ་རྒྱས་པ། སྤོས་ཀྱི་ངད་ཞིམ་པོས་བསྲུང་ཞིང་དེ་ལས་གྲུབ་པའི་སིལ་སྙན་གྱི་སྒྲས་ཆོས་ཀྱི་སྒོ་ཐམས་ཅད་ཡང་དག་པར་སྟོན་པ། ལྷའི་བུ་དང་བུ་མོ་ལ་སོགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་བསྟོད་ཅིང་ཕུ་དུད་བྱས་པའི་སྡོང་བུ་ཆེན་པོ་ལ་བཞུགས་པ་ནི། འཕགས་པ་སྤྱན་རས་གཟིགས་ཀུན་ནས་འོད་ཟེར་བཀོད་པའི་རྒྱལ་པོ། ཀུན་དུ་ཞལ་ཁ་དོག་བཞི་པ་ཕྱག་བརྒྱད་ཀྱིས་རབ་ཏུ་མཛེས་པ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་མི་གཡོ་བར་བཞུགས་ཤིང་། འོད་དཔག་ཚད་གཅིག་པས་བཙུན་མོ་དང་བཅས་པའི་འཁོར་གྱི་དཀྱིལ་འཁོར་ལྷམ་མེ་ལྷང་ངེར་གསལ་བར་མཛད་པའོ། ། ཆགས་བྲལ་ཆགས་པའི་ཁ་དོག་ཅན། ། ནོར་བུ་འབར་བས་བརྒྱན་པའི་སྐུ། ། བལྟ་བས་མི་ངོམས་བཙུན་མོ་དང་། ། ལྷན་ཅིག་འཇིགས་སྐྱོབ་ལ་སོགས་འཁྱུད། ། གཞན་དག་སྡོང་བུ་ལས་ཕྱེ་བ། ། དགུ་བརྒྱ་དགུ་བཅུ་དགུ་ཡལ་ག། ཟླ་བ་ཉི་མ་སོགས་སྟེང་དུ།
Homage to the Great Compassionate One, the Wish-Fulfilling Tree. Through the cause of the complete ripening of immeasurable accumulations of merit and primordial wisdom, your body is the great wish-fulfilling tree with cooling shade that never forsakes anyone. To the Lord Avalokiteśvara, who possesses great compassion and displays a most wondrous body for the sake of wandering beings, I offer praise. First, the great lord of yogis should meditate on the four immeasurable abodes. Having sealed [the practice] through the stages of transforming the outer and inner into purity, and abiding in the state of the King of Samādhis, one should visualize: from a precious ground, a wish-fulfilling tree emerges, its branches, flowers, and fruits flourishing beyond imagination. It is protected by the sweet fragrance of incense, and from it arise the sounds of cymbals that perfectly reveal all gateways of the Dharma. Seated upon the great trunk, which is praised and venerated by hundreds of thousands of millions of gods, goddesses, and others, is the Noble Avalokiteśvara, King of the Array of All-Radiating Light. With four faces and eight arms, he is exquisitely beautiful, seated immovably in the vajra posture. With a radiance of one yojana, he makes the maṇḍala of his retinue, including his queen, vividly and brilliantly clear. Free from attachment yet possessing the color of passion, his body is adorned with blazing jewels. Never satiated by the sight, he embraces his queen and others, such as the Protectors from Fear, who emerge from the trunk. There are nine hundred and ninety-nine branches, and above them are the moon, the sun, and so forth.