༄༅། ། འཕགས་པ་ཐུགས་རྗེ་ཆེན་པོ་ལོངས་སྤྱོད་མི་ཟད་པ་ལ་ཕྱག་འཚལ་ལོ། ། རེ་ཞིག་སྒྲུབ་པ་པོ་འབྱོར་པ་དམན་པ་དང་། ཕུན་སུམ་ཚོགས་པ་རྒུད་པས་ཟིལ་གྱིས་ནོན་ཏེ་བག་ཞུམ་པ་དང་། ཡོད་ཀྱང་མྱུར་དུ་འཛད་པས་མ་རུངས་པར་བྱེད་པ་དེ་དག་ཐམས་ཅད། ཆགས་པ་དང་བརྣབ་སེམས་ཀྱིས་རང་དང་གཞན་གྱིས་ཡོངས་སུ་བཟུང་བ་ལ་མངོན་པར་གདུང་བ་སྤངས་ཏེ། འཕགས་པ་སྤྱན་རས་གཟིགས་རྒྱ་མཚོའི་གཏེར་གྱི་བདག་པོ་ལ་སྐྱབས་སུ་དོང་བར་བྱའོ། ། ཤེལ་དང་བཻ་ཌཱུརྱ་དག་དང་། ། ནཱི་ལ་རིན་ཆེན་ལས་གྲུབ་པའི། ། གཞལ་མེད་ཁང་མཆོག་དབུས་སུ་ནི། ། མགོན་པོ་ལོངས་སྤྱོད་མི་ཟད་བསྒོམ། ། གསེར་གྱི་བུམ་པ་བཟང་བཀང་བ། ། ནོར་བུ་ཚོམ་ཚོམ་སྐྱུག་པའི་ཁ། ། དཔག་བསམ་ཤིང་ཆེན་རྒྱས་པའི་གསེབ། ། སྤྲིན་གྲིབ་ལ་ནི་ཡོངས་སུ་རྩེན། ། གཡས་དམར་གཡོན་སྔོ་དབུས་དཀར་ཞལ། ། སྣང་མཐའ་རྡོ་རྗེ་ཐིག་ལེས་བརྒྱན། ། ནོར་སྦྱིན་བྱིན་རློབ་སྐྱབས་མཛད་དང་། ། གཏེར་དང་ལྕགས་ཀྱུ་པདྨོའི་ཕྱག། སྐྱིལ་ཀྲུང་ཕྱེད་བརྟེན་ཀུན་དའི་མདོག། འདོམ་གང་འོད་གསལ་འཁོར་ལོ་སོགས། ། རིན་ཆེན་བདུན་འཛག་མུ་ཏིག་འབྲུའི། ། ཆར་འབེབས་གཡོ་བ་མི་མངའ་བའོ། ། དེ་ཡི་ཕྱག་རྒྱ་ནོར་སྦྱིན་པར་མཛད་པའི་བདུད་རྩི་ཅན་གྱི་མཐོང་ཐོས་ལས། ནོར་བུ་དང་འབྲུ་དང་སྨན་གྱི་ཆར་དོང་ཚེ་བརྩེགས་པ་ལྟ་བུ་རྒྱུན་མ་ཆད་པར་འོངས་བས་བདག་གི་ལོངས་སྤྱོད་ཐམས་ཅད་ཀྱི་སྦུབས་སུ་འཇུག་པར་བྱའོ། ། ཨོཾ་ཨཱཿཧྲཱིཿཤྲཱི་ཨཱརྱཱ་ཝ་ལོ་ཀི་ཏེ་ཤྭ་ར་མ་མ་སརྦ་སཾ་བྷོ་ག་རཏྣ་རཏྣེ། མ་ཧཱ་ཙིནྟ་མ་ཎི་དྷ་ར་དྷ་ར་ཨ་ཀྵ་ཡ་ཨ་ཀྵྨཽ་པ་ཏིསྠཏི་ཧཱུཾ།
Homage to the Noble Great Compassionate One, the Inexhaustible Wealth. For the time being, practitioners who are oppressed by a lack of resources, those overwhelmed by the decline of their prosperity, and those whose existing wealth is quickly exhausted and thus rendered useless—all of them should abandon the intense longing for what is possessed by themselves or others through attachment and covetousness, and instead take refuge in the Noble Avalokiteśvara, the Lord of the Ocean Treasure. In the center of a supreme celestial palace made of crystal, lapis lazuli, and sapphire, meditate on the Protector of Inexhaustible Wealth. He stands amidst a great, flourishing wish-fulfilling tree, sporting in the shade of clouds. His right face is red, his left blue, and his central face white; he is adorned with Amitābha and the vajra-bindu. His hands hold a wealth-granting gesture, a blessing, a refuge, a treasure, a hook, and a lotus. He sits in the half-lotus posture, the color of a kunda flower, with a fathom-wide radiant light. From the seven precious jewels and pearl seeds, he causes a rain to fall without wavering. From the sight and hearing of his mudrā, which bestows the nectar of wealth-granting, a continuous stream of jewels, grains, and medicinal herbs—like a stack of cowries—descends and enters the hollow of all one’s possessions. OṂ ĀḤ HRĪḤ ŚRĪ ĀRYĀVALOKITEŚVARA MAMA SARVA SAṂBHOGA RATNA RATNE MAHĀCINTĀMAṆIDHARA DHARA AKṢAYA AKṢAUM PATISTHATI HŪṂ.