༄༅། ། འཕགས་པ་ཐུགས་རྗེ་ཆེན་པོ་རབ་ཏུ་སྣང་མཛད་ལ་ཕྱག་འཚལ་ལོ། ། མ་འོངས་པ་ན་འབྱུང་བར་འགྱུར་བ་ངེས་པར་མི་ཤེས་པས་ཅི་བྱ་གཏོལ་མེད་པར་གྱུར་ཏེ་ལྡོངས་པ་རྣམས་ཀྱིས་འདིར་བཅོམ་ལྡན་འདས་འཕགས་པ་ཐུགས་རྗེ་ཆེན་པོ་རབ་ཏུ་སྣང་མཛད་ལ་རེ་བ་བསྐྱེད་ལ། ཞག་གསུམ་མམ་གཉིས་སམ་གཅིག་གི་བར་དུ་ཡིད་ལ་བྱེད་པ་གཅིག་དང་མི་འབྲལ་བས་རིག་པ་བཟླ་ཞིང་སྨྱུང་བར་གནས་པར་བྱའོ། ། ཏདྱ་ཐཱ། ན་མཿཤྲཱི་ཨཱརྱཱ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། དཪྴ་དཪྴ། པྲ་དཪྴ་པྲ་དཪྴ། སརྦ་བུདྡྷ་ཛྙཱ་ན་གརྦྷེ་ཏིཥྛ་ཏིཥྛ་མ་མ་ས་པ་ཎ་ཏྭོཥྛ་པྲ་དཪྴ་ཧཱུཾ་ཧཱུཾ་སྭཱ་ཧཱ། འཇིག་རྟེན་མགོན་པོའི་མཆོད་རྟེན་ལ། ། མེ་ཏོག་དཀར་པོ་སོགས་བདུག་བཅས། ། མཆོད་པ་མང་པོས་ཉེར་མཆོད་ཅིང་། ། ཕྱག་འཚལ་ཀུན་ཏུ་བསྐོར་བར་བྱ། ། ལུས་ཀྱི་འདབ་སྐྱེས་འདབ་བཞི་ལ། ། ཇི་ལྟར་འདོད་པའི་དངོས་པོ་བཞི། ། མན་ངག་བཞིན་དུ་རི་མོར་དགོད། ། གེ་སར་རང་སེམས་མེ་ལོང་ངོ་། ། དེ་ནས་ལྷག་པའི་ལྷ་དྲན་པས། ། སྡིག་ལ་སོགས་པ་བསལ་ནས་ནི། ། འཕགས་པའི་ཞབས་ལ་མགོ་གཏུགས་ལ། ། སྣང་བ་གསལ་པོས་སྙོམས་པར་འཇུག། སངས་རྒྱས་སྲས་པོ་ཐུགས་རྗེ་ཅན། ། ཀུན་མཁྱེན་ལུས་ཅན་ཀུན་དོན་བསྒྲུབ། ། འོད་ལྡན་ཡུལ་ལ་རྟགས་སྐུགས་ལྟར། ། དུས་དྲུག་གཟིགས་དེས་མཁྱེན་པ་འཇུག། ཐོ་རངས་དགེ་སློང་དཀར་པོ་དང་། ། པདྨོའི་རྟགས་ཅན་བུད་མེད་ཀྱིས། ། འདོད་པའི་དོན་གང་ཡོད་པ་དེ། ། མེ་ལོང་ནང་གི་གཟུགས་ལྟར་སྟོན། ། རྨི་ལམ་སྟོན་པ་རྫོགས་སོ། །
Homage to the Noble Great Compassionate One, the Illuminator. Those who are blind, having no certainty regarding what will occur in the future and being at a loss as to what to do, should place their hopes here in the Blessed One, the Noble Great Compassionate One, the Illuminator. For three, two, or one night, they should recite the mantra while maintaining mindfulness without distraction and observe the fast. Tadyathā | Namaḥ śrī-āryāvalokiteśvarāya bodhisattvāya mahākāruṇikāya | darśa darśa | pradarśa pradarśa | sarvabuddhajñānagarbhe tiṣṭha tiṣṭha | mama saparivārāṇām uttama-pradarśa hūṃ hūṃ svāhā. At the stūpa of the Protector of the World, one should present many offerings, such as white flowers and incense, and perform prostrations and circumambulations. Upon the four petals of the body’s lotus, one should draw the four desired objects according to the oral instructions. The filaments are one’s own mind, the mirror. Then, by recollecting the meditational deity, one should clear away misdeeds and the like. Touching one’s head to the feet of the Noble One, one enters into meditative equipoise with clear vision. The compassionate Son of the Buddha, the Omniscient One, accomplishes the welfare of all embodied beings. Like a sign in a luminous field, he perceives at the six times and his knowledge engages. At dawn, a white monk and a woman marked with a lotus will show whatever desired object exists, like a reflection in a mirror. This concludes the teaching on the revelation of dreams.