༄༅། ། འཕགས་པ་ཐུགས་རྗེ་ཆེན་པོ་ཡིད་དུ་འོང་བའི་གཟུགས་ཅན་ལ་ཕྱག་འཚལ་ལོ། ། གཟི་བརྗིད་ཕུང་པོ་མཐོང་ཙམ་གྱིས། ། སྐྱེ་བོ་ཀུན་གྱི་ཡིད་འཕྲོག་ཅིང་། ། རྒྱལ་པོའི་ངག་བཞིན་ཐམས་ཅད་ལ། ། བསྒོས་པ་དོན་ཡོད་བྱེད་རིག་བཤད། ། ཐོག་མར་བརྟན་གཡོ་ནམ་མཁའི་སྦྱོར་བ་ཡིས། ། ངག་བཅད་དེ་ལས་པདྨ་ཟླ་བ་བསྐྱེད། ། དེ་སྟེང་ཨ་དང་ཀ་ཕྲེང་ཟེའུ་འབྲུ་ཅན། ། འདྲེས་གྱུར་མགོན་པོ་ཡིད་འོང་གཟུགས་ཅན་བསྒོམ། ། ཤེལ་ལྟར་རབ་དངས་རྡོ་རྗེ་ལྟ་བུར་མཁྲེགས་པའི་སྐུ། ། དཀར་ལ་དམར་དངས་ཤིན་ཏུ་འོད་གསལ་རྣམ་པར་དག། བལྟས་པས་མི་ངོམས་དཔེ་བྱད་མཚན་རབ་ཀུན་རྫོགས་པ། ། སྐྱབས་སྦྱིན་ཆུ་སྐྱེས་གཡས་གཡོན་ཕྱག་རྒྱས་བཏབ་པའོ། ། བརྒྱ་ཕྲག་འོད་འབར་རྒྱན་རྣམས་ལས་བྱུང་ཕན་ཚུན་འོད་ཟེར་རྣམས་འཁྲུགས་པས། ། ཉིད་ཀྱི་སྐུ་བཀབ་དྲ་བ་དང་ནི་དྲ་བ་ཕྱེད་དང་རྡོ་རྗེ་གཡུང་དྲུང་འཁྱིལ། ། ཟེར་ཕོག་པ་དང་གཟུགས་བརྙན་རབ་འདྲེས་ཏིག་ཏིག་གོང་བུ་འཁྱིལ་འགྱུར་ཏེ། ། སྤུ་སྒོ་ཀུན་ལ་རིན་ཆེན་འོད་འཛག་མཁའ་ལ་ཉི་ལྟར་མཛེས་བདག་གྱུར། ། དེའི་སྙིང་པོར་ཡི་གེ་གསུམ་པ་འདུས་པ་ལ་ནུ་མ་གཉིས་ཀྱིས་བརྒྱན་པ་བལྟས་ལ། དད་པ་དང་ལྷན་ཅིག་པའི་འོད་ཀྱི་ཞགས་པས་པོ་ཏ་ལ་ནས་གཞོན་ནུ་འབར་བ་ཉིད་བཀུག་ལ། བཅུ་དྲུག་དང་བརྒྱད་དང་། ཉི་ཤུ་དང་བཅུ་དང་། བདུན་དང་ལྔ་ལ་སོགས་པའི་ལྷ་མོ་ལྟེ་བའི་སྒོ་ལས་མངོན་པར་འཕྲོ་བའི་མཆོད་པ་ཐམས་ཅད་ཀྱིས་ཡང་དག་པར་མཆོད་ནས། ཕྱོགས་ཀྱི་གཞོན་ནུ་མ་བཞིས་ཡིད་འོང་མཚུངས་མེད་ལ་སོགས་པས་བསྟོད་ནས་ལྕགས་ཀྱུ་དང་ཞགས་པ་དང་། ལྕགས་སྒྲོག་དང་།
Homage to the Noble Great Compassionate One, the One of Enchanting Form. Merely by seeing the mass of his majesty, the minds of all beings are captivated. It is explained that he makes the commands of the King effective for all, just as they are spoken. First, through the union of the stable and the moving within space, one should cease speech and generate a lotus and moon. Upon that, visualize the Protector of Enchanting Form, formed from the letter A and the garland of consonants as the filaments, all blended together. His body is as clear as crystal and as firm as a vajra; white with a translucent red glow, it is utterly luminous and pure. One can never tire of beholding him, as he is complete with all the major and minor marks. He is sealed with the mudrās of granting refuge and the water-born lotus at his right and left. From the ornaments blazing with hundreds of lights, rays of light intermingle. His own body is covered by nets, half-nets, vajras, and swastikas. Where the rays strike, the reflections blend perfectly into a shimmering mass. From every pore, jewel-light drips, making him as beautiful as the sun in the sky. At his heart, visualize the three syllables joined together, adorned by two breasts. With the lasso of light accompanied by faith, summon the Blazing Youth himself from Potala. Then, with all the offerings emanating from the navel-gate of goddesses numbering sixteen, eight, twenty, ten, seven, five, and so forth, make perfect offerings. The four maidens of the directions praise the Peerless One of Enchanting Form and so on, with the hook, the lasso, the chain, and...