༄༅། ། རྒྱལ་བ་ཉི་མ་དང་ཟླ་བའི་ཕྱག་མཚན་ཅན་ལ་ཕྱག་འཚལ་ལོ། ། དབང་པོ་རྟུལ་པོ་ཉིད་དང་གང་། ། དེ་བཞིན་འཇིག་རྟེན་དོན་བསྒྲུབ་འདོད། ། གཞན་དག་བསོད་ནམས་ནོར་འདོད་པ། ། དེ་ནི་ཉི་ཟླའི་མཚན་ཅན་བསྒྲུབ། ། སྤྲིན་ཚོགས་རྡུལ་དང་ཁུག་རྣ་དུ་བ་དང་། ། རླངས་བྲལ་དྲི་མེད་བཻ་ཌཱུརྱ་བཅག་འདྲའི། ། མཁའ་ལ་དཔལ་བཟང་ཉི་ཟླ་འཆར་བར་བྱེད། ། དེ་ཚེ་དད་ལྡན་སྨྲ་བ་བཅད་ནགས་འཇུག། དྲང་སྲོང་བུ་དང་ལྷན་ཅིག་ནགས་བཟང་དུ། ། སྲིད་པའི་སྡུག་བསྔལ་སྐྱོན་ནི་དྲན་བྱས་ལ། ། བདུད་འདུལ་ཐུབ་པའི་དམ་ཚིག་ཕྱག་རྒྱ་ཆེ། ། མངོན་སུམ་བཅས་ཏེ་པདྨའི་མིག་གཉིས་བསྐྱོད། ། དེའི་འོག་ཏུ་མཆོད་པ་ཐམས་ཅད་སྟ་གོན་བྱས་ནས། བདུག་པ་དྲི་ཞིམ་པོ་ཐམས་ཅད་ཀྱིས་བདུག་ཅིང་། རྒྱལ་བར་གྱུར་ཅིག་རྒྱལ་བར་གྱུར་ཅིག། སྟོབས་བཅུའི་འོད་ཟེར་ཆེན་པོས་འགྲོ་བ་གསུམ་གྱི་མུན་པ་སེལ་བ་དུས་ཚད་མེད་པར་བརྩོན་པའི་ཆོས་ཀྱི་རྒྱལ་པོ་ཉི་མ་དང་ཟླ་བའི་མཚན་མ་ཅན་དེ་རིང་རྒྱལ་བར་གྱུར་ཅིག། བདག་ཅག་ལ་སོགས་པའི་དབང་པོ་རྟུལ་པོ་དང་། དོན་བསྒྲུབ་པ་དང་། བསོད་ནམས་གཉེར་བ་རྣམས་ཀྱི་ཕྲིན་ལས་ཐོགས་པ་མི་མངའ་བར་མཛོད་ཅིག། ཅེས་ལན་གཉིས་ལན་གསུམ་ཆེད་དུ་བརྗོད་པས་ཆེད་དུ་བརྗོད་དོ། ། ཉི་མ་ཟླ་བ་ལས་ཀུན་ལ་སྔགས་བདུན་འདོན་རྣམ་ལས་བརྗོད་པ་གང་ཡིན་དང་། ། ཐུགས་རྗེའི་ལྷས་བསྟན་དྲང་སྲོང་ཨ་བྷིས་ཤར་དུ་ཁ་བལྟས་ཆགས་བྲལ་རྙེད་ཚེ་མངོན་བསྟོད་གང་། ། དེ་བཞིན་གང་གཞན་གླང་པོ་སྐྱོང་དང་གཏེར་བདག་གསེར་སྲུང་འོད་མའི་ཚལ་དུ་སྔོན་བྱུང་དབྱངས། །
Homage to the Victorious One who holds the sun and moon as hand symbols. Those of dull faculties, those who likewise desire to accomplish the welfare of the world, and others who seek the wealth of merit—these should practice the sādhanā of the one bearing the sun and moon. Free from clouds, dust, mist, and smoke, like a flawless, polished piece of lapis lazuli, the glorious sun and moon rise in the sky. At that time, the faithful enter the forest of silence. Together with the sons of the sages, in that excellent forest, they should reflect upon the defects of the suffering of existence. Then, manifesting the great mudrā of the samaya of the Māra-subduing Sage, they move their lotus-like eyes. Thereafter, having prepared all the offerings and perfumed them with all kinds of fragrant incense, they should utter this intentional proclamation twice or three times: "May there be victory! May there be victory! May the King of Dharma, who bears the signs of the sun and moon and who, with the great rays of the ten powers, tirelessly dispels the darkness of the three realms for immeasurable time, be victorious today! May your enlightened activities be unimpeded for us and others—those of dull faculties, those seeking to accomplish their aims, and those striving for merit!" This is the intentional proclamation. Whatever mantras are recited for all activities from the Sun and Moon [Tantra], and whatever praises were offered when the compassionate deity instructed the sage Abhi to face the east and attain freedom from attachment, as well as the melodies that previously arose in the Bamboo Grove for Hastipāla, the Lord of Treasures, and Suvarṇapāla—[these are to be recited].