༄༅། ། ཐུགས་རྗེ་ཆེན་པོ་རི་ཁྲོད་པ་ལ་ཕྱག་འཚལ་ལོ། ། རབ་ཏུ་ཡིད་དགའ་ནགས་ཀྱི་དབུས། ། མེ་ཏོག་འབྲས་བུ་འདུད་པ་ཡི། ། ཤིང་དྲུང་རྩྭ་ཡི་སྤྱིལ་བུ་ཉིད། ། ཆགས་བྲལ་རྙོག་པ་མེད་བཞུགས་འདུད། ། དེ་ནས་སྒྲུབ་པོ་སྤྲོས་པས་འཇིགས་པ་དང་། ། རྣམ་པར་གཡེང་བས་དལ་བ་མ་ཐོབ་པ་ཡང་རུང་སྟེ། གཅིག་པུ་དག་དབེན་པ་དང་ཡིད་བྱུང་བའི་བློ་ཅན་གྱིས། དུས་བཟང་པོའི་ཚེ་ནགས་སུ་སོང་ལ་གང་ན་ལྗོན་ཤིང་བཟང་བ་ལ་ཡལ་ག་དང་ལོ་འབྲས་གྱ་ནོམ་པ་དང་ལྡན་པ། གྲིབ་མ་བསིལ་བས་ལུས་སྐྱོབ་ཅིང་དྲུང་ན་འདུག་ན་སྐྱིད་སྐྱིད་ལྟར་སྣང་བ་ཡོད་པ་ཞིག་བཙལ་ཏེ། དེའི་འགྲམ་དུ་གཏོར་མ་སྦྱིན་པ་སྔོན་དུ་བཏང་ནས་རྩྭའི་སྤྱིལ་བུ་མཛེས་པ་བཅོས་པར་བྱའོ། ། དེའི་ནང་གི་སྟེང་གི་གཞིར་རྗེ་བཙུན་སྤྱན་རས་གཟིགས་སྤྱིལ་བུ་ཅན་གྱི་རྟེན་བྱིན་གྱིས་བརླབས་པ་དང་ལྡན་པ་ཞིག་བཞུགས་ལ། མཆོད་པ་ཐམས་ཅད་ཀྱིས་མཆོད་ནས། མེ་ཏོག་གིས་སྙིམ་པ་བཀང་སྟེ། ཙོག་བུར་འདུག་ལ་སྔགས་འདི་བརྗོད། ། ཨོཾ་ཨཱཿཧྲཱིཿབ་ན་ལོ་ཀ་ནཱ་ཐ། ། མ་ཧཱ་ཀཱ་རུ་ཎི་ཀ། སརྦ་བུདྡྷ་ཛྙཱ་ནཱ་གརྦྷ་མ་མ་ཙིཏྟེ་ཀནྟཱ་ཧཱུཾ་ཧཱུཾ་སྭཱ་ཧཱ། དེ་ནས་སྤྱིལ་བུ་དེ་དང་རྟེན། ། ཕོ་བྲང་མཆོག་དང་ལྷ་ཉིད་དུ། ། བྱིན་གྱིས་བརླབས་ལ་མེ་ཏོག་གཏོར། ། སྐད་ཅིག་དེ་ལ་བསམ་གཏན་བྱ། ། སྙོམ་མེད་མི་གཡེངས་བརྟན་པ་ཡིས། ། ཟླ་བ་དྲུག་གམ་གསུམ་མམ་གཅིག། ངེས་པར་བྱས་ན་ནགས་ཀྱི་ནང་། ། མགོན་པོ་གང་རུང་གཟུགས་སུ་སྟོན། ། དེ་ཡི་སྨིན་མཚམས་པདྨོ་འདྲའི། ། རི་མོའམ་ཐིག་ལེ་གསལ་བར་འགྱུར། ། བརྩོན་པས་མ་འཁྲུགས་དཀྱིལ་འཁོར་བྱ། །
Homage to the Great Compassionate One, the Hermit. In the midst of a most delightful forest, beneath a tree where flowers and fruits bow down, you dwell in a grass hut, free from attachment and untainted—homage to you. Then, whether the practitioner is afraid of conceptual elaborations or has not found leisure due to distraction, they should, being alone, secluded, and possessing a mind of renunciation, go into the forest at an auspicious time. They should seek out a fine tree with excellent branches, leaves, and fruit, where the cool shade protects the body and where one feels a sense of comfort while sitting nearby. Having first offered a torma near it, one should construct a beautiful grass hut. Inside, upon the upper surface, one should place a blessed representation of the Venerable Avalokiteśvara, the "Hut-Holder." Having made offerings of all kinds and filling the palms with flowers, one should sit in a squatting posture and recite this mantra: OṂ ĀḤ HRĪḤ VANALOKANĀTHA MAHĀKĀRUṆIKA SARVABUDDHAJÑĀNAGARBHA MAMA CITTE KĀNTA HŪṂ HŪṂ SVĀHĀ. Then, having blessed that hut, the representation, the supreme palace, and the deity itself, scatter the flowers. In that very instant, one should practice meditative concentration. With impartiality, undistracted stability, for six months, three months, or one month, if one practices with certainty within the forest, the Protector will manifest in whatever form is appropriate. At the brow of that [deity], a lotus-like mark or a tilaka will appear clearly. With diligence and without agitation, one should construct the maṇḍala.