༄༅། ། འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། ཟླ་བ་དུང་དང་ཀུནྡ་གངས་རི་ལྟར་འཚེར་བ། ། གཞོན་ནུ་རབ་མཛེས་རིན་ཆེན་ཕྲེང་བས་རྣམ་བརྒྱན་ཅིང་། ། མཆོག་སྦྱིན་པདྨོ་འོད་དཔག་མེད་ཀྱི་གཡས་གཡོན་ཕྱག། སྤྱི་གཙུག་ལེགས་སྤྲས་འཇིག་རྟེན་གསུམ་མགོན་ལ་ཕྱག་འཚལ། ། རང་ལུས་དཀྱིལ་འཁོར་ཕོ་བྲང་འདབ་སྟོང་གསལ་བའི་དབུས། ། ཟླ་རྒྱས་མདོག་ལྟའི་སེམས་ཉིད་ངོ་བོ་ཡེ་ཤེས་ཧྲཱིཿཡིག་འོད་འབར་གྱིས། ། ཐིག་ལེ་རྣམ་དག་བདེ་ཆེན་རང་བཞིན་རླུང་སེམས་བཅུད་གང་ཡིན་པ་དེ། ། ལེགས་བསྡུས་ནས་ནི་བློ་ལྡན་དཔའ་རྣམས་གཉུག་མ་མཆོག་ལ་བརྟན་གནས་བྱ། ། དེ་ཡི་སྙིང་པོ་ལས་སྤྲོས་པའི། ། འོད་ཟེར་ལྕགས་ཀྱུ་རྣོན་པོ་ཡིས། ། རྒྱལ་བའི་ཕོ་བྲང་པོ་ཏ་ལའི། ། དབུས་ཉིད་ནས་ནི་འཕགས་པ་བསྐྱོད། ། ཤིན་ཏུ་དཀར་གསལ་སྟོན་གྱི་ཟླ་བ་བྱེ་བ་བརྒྱ་ཡི་འོད་འཁྲིགས་པ། ། བདག་གི་བློ་གྲོས་པདྨོ་རྒྱས་པའི་ཁ་དབྱེའི་ཕྱིར་ནི་བདེ་གཤེགས་འབུམ་གྱི་འཁོར་དང་བཅས། ། སྐད་ཅིག་ཡུད་ལ་རྟ་བདུན་ལམ་གང་མགོན་པོ་ཉིད་མཆོད་སྤྲིན་རུམ་འཁྲིགས་པའི་དཔུང་བཀོད་པ། ། ཤེས་རབ་སྣང་བས་གསལ་བར་བལྟས་ལ་མཆོད་སྤྲིན་རྒྱ་མཚོས་རབ་ཏུ་མཆོད། ། ལྷ་ཡི་དབང་ཕྱུག་པདྨོའི་རིགས། ། པདྨ་སྟོང་ལྡན་སྡོང་བུ་འཛིན། ། ཕྱོགས་བཅུ་ནས་འོངས་ཕྱོགས་བཅུའི་ཆར། ། བཞུགས་བལྟས་དེ་དག་མགོན་མཆོད་བསམ། ། ཚངས་དབྱངས་སྣ་ཚོགས་སྐུ་གསུང་ཐུགས་བསྟོད་མཉམ་མེད་ངག་གི་སྐྱོན་བྲལ་བས། ། ཡོན་ཏན་ཀུན་བརྗོད་འདོད་པ་དྲག་པོས་ཤིན་ཏུ་གསོལ་བཏབ་གུས་བྱས་ལ། ། ཛཿཧཱུཾ་བཾ་ཧོཿས་བདེ་གཤེགས་ས་བོན་ཟླ་འོད་འབར་བ་ལ་བསྟིམ་བྱ། །
Homage to the Noble Avalokiteśvara! Resplendent like the moon, a conch, a kunda flower, or a snow mountain, A youth of supreme beauty, perfectly adorned with jeweled garlands, With hands of supreme generosity and the lotus, and Amitābha at his crown— To the Protector of the Three Worlds, I prostrate. In the center of the thousand-petaled lotus palace of one’s own body-maṇḍala, The essence of the mind, like the color of a full moon, is the blazing light of the wisdom-syllable Hrīḥ. Gathering the essence of the wind and mind, which is the nature of great bliss and the pure bindu, The wise and heroic ones should remain steadfast in the supreme innate state. From its heart, rays of light emanate like sharp hooks, Which stir the Noble One from the very center of the Victorious One’s palace, Potala. Blazing with the light of a hundred million autumn moons, To open the petals of my lotus-like intellect, the Protector, together with a retinue of a hundred thousand Sugatas, In a mere instant, like the path of the seven-horsed sun, is arrayed amidst clouds of offerings. Beholding him clearly with the light of insight, I worship him with an ocean of offering clouds. Lord of the gods, of the Lotus family, Holding a lotus stalk with a thousand petals, I visualize him coming from the ten directions and residing in the ten directions; I contemplate making offerings to those Protectors. With Brahma-like voices and various praises of body, speech, and mind, Free from the faults of speech, I make fervent supplications with intense longing, Uttering "Jaḥ Hūṃ Baṃ Hoḥ" to dissolve [the deities] into the moonlight-blazing seed-syllable of the Sugatas.