༄༅། ། དཔལ་སྤྱན་རས་གཟིགས་རྡོ་རྗེ་ཐོད་པ་ཅན་ལ་ཕྱག་འཚལ་ལོ། ། དཔལ་ལྡན་ཡེ་ཤེས་རྡོ་རྗེ་འཛིན་དང་བདེ་བ་ཆེ། ། མགོ་ཕྱེད་ཁྲག་བཀང་ཉམས་དགུའི་གར་གྱིས་རོལ་པར་བཞུགས། ། མེ་ཏོག་འདབ་དབུས་གེ་སར་རང་གི་སྙིང་པོ་བཞིན། ། ལྷ་མཆོག་གིས་མཚན་ཡེ་ཤེས་ལྷ་མོ་བཞིས་བཏུད་འདུད། ། བློ་ལྡན་ཆོ་ག་བཟང་ཤེས་པས། ། བདེ་ཆེན་དངོས་གྲུབ་ཉེ་བའི་ཕྱིར། ། ཀ་པཱ་ལ་འདྲའི་གནས་སུ་ནི། ། ཀ་པཱ་ལ་ཡི་དངོས་གྲུབ་བསྒྲུབ། ། མཚན་བཟང་རིན་ཆེན་མགོ་ཕྱེད་ལ། ། ག་བུར་གླ་རྩི་ཙནྡན་སོགས། ། སྣ་ཚོགས་དྲི་ཞིམ་བྱུགས་བྱས་ཏེ། ། གསོ་སྦྱོང་ཅན་གྱིས་དཀྱིལ་འཁོར་བྲི། ། སེང་ཁྲི་ཉི་ཟླ་པདྨོ་དང་། ། དབུགས་བྲལ་གདན་ལ་བཞག་ནས་ནི། ། ལྔ་མཚན་ལྔ་ཕྲག་ལྔ་རབ་དགང་། ། བདེ་གཤེགས་རིང་བསྲེལ་སྙིང་པོར་གཞུག། འདབ་བརྒྱད་རྩིབས་བརྒྱད་མུ་ཁྱུད་ཕྲེང་། ། བཀྲ་ཤིས་བརྒྱད་དང་རིན་ཆེན་བརྒྱད། ། བརྒྱ་ཕྲག་གྲུབ་པའི་རྫས་འཛིན་པ། ། སྒེག་མོ་མཛེས་ལྷ་མོས་བསྐོར་དབུས། ། འདབ་བཞི་རྡོ་རྗེས་མཚན་པའི་རྩེར། ། རྒྱལ་པོའི་ཕོ་བྲང་ཁྲི་བཟང་ཅན། ། ལེགས་བསྐྱེད་དེ་མཐའ་ཕྱོགས་བཞིའི་ཆར། ། ལྷ་མོ་བཞི་ཡི་ཐོད་པ་དགོད། ། གླང་ཆེན་མྱོས་པའི་མཆེ་བ་རྣོ་དང་སྨད་འཚོང་ཆང་འཚོང་མེ་ལོང་དང་། ། ས་དབང་མངའ་བདག་ཅོད་པན་དཔའ་བོ་སེན་མོ་དེ་བཞིན་དཀའ་ཐུབ་འཛིན་ཁ་སྤུ། ། བདེ་གཤེགས་སྐུ་ཁྲུས་ཚིལ་ཆེན་དང་ནི་གཡས་སུ་འཁྱིལ་བའི་དུང་དཀར་རྣམས། ། ཕྱོགས་མཚམས་རིན་ཆེན་བུམ་པ་བཟང་ལ་བརྒྱད་པར་བྱ། ། དེ་ནས་སྔགས་པ་ཁ་ཤར་བལྟས། ། གོས་མཆོག་ཕྱི་དང་དཀར་དམར་ལྷུབ། ། མེ་ཏོག་ཕྲེང་བས་སྤྲས་གོན་ཏེ།
Homage to the glorious Avalokiteśvara, the Vajra Skull-Bearer. Glorious holder of the wisdom vajra, great bliss, You abide in the dance of the nine moods, with half your head filled with blood. Like the stamen at the center of a flower petal, You, the supreme deity, are bowed to by the four wisdom goddesses. For the sake of attaining the siddhi of great bliss, The wise one who knows the excellent ritual Should accomplish the siddhi of the kapāla In a place resembling a kapāla. Upon a fine, precious skull with auspicious marks, Having anointed it with various fragrant scents Such as camphor, musk, and sandalwood, One who has observed the poṣadha vows should draw the maṇḍala. Having placed [the skull] upon a lion throne, sun, moon, lotus, And a seat of the lifeless, It should be filled with the five sets of five. The relics of the Sugatas are to be inserted as the essence. With eight petals, eight spokes, and a rim of garlands, The eight auspicious symbols and the eight precious gems, Holding the substances of a hundredfold accomplishment, Surrounded in the center by beautiful, graceful goddesses. At the tip of the four-petaled [maṇḍala] marked with a vajra, A royal palace with an excellent throne is well-constructed. In the four directions around its perimeter, Place the skulls of the four goddesses. The sharp tusk of an intoxicated elephant, The mirror of a prostitute or a wine-seller, The crown of a sovereign lord of the earth, The fingernails of a hero, and likewise the beard of an ascetic; The bath-water of the Sugatas, human fat, And the white conch shell coiling to the right— These should be placed in the eight excellent precious vases In the cardinal and intermediate directions. Then the mantrin, facing east, Dressed in supreme outer garments, white and red, Adorned and wearing a garland of flowers,