༄༅། ། མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། ། སྐྱེ་དགུ་ཀུན་གྱིས་མཆོད་པའི་གཞི། ། ལུས་ཡིན་གྲོལ་བའང་དེ་བཞིན་ནོ། ། དེ་བས་འཆིང་དང་གྲོལ་འདོད་པས། ། མགོན་པོའི་མན་ངག་འདིར་བསྒོམ་བྱ། ། རྟ་བདུན་བསྐལ་པའི་མེ་འོད་ཅན། ། ལྟེ་བར་ཧཱུཾ་ལས་ཡོངས་གྱུར་པའི། ། ཡེ་ཤེས་རྡོ་རྗེ་འབར་བ་ནི། ། ཚངས་པའི་འཇིག་རྟེན་ལ་རེག་བསམ། ། ཧཱུཾ་བརྗོད་རྡོ་རྗེ་སྤེལ་བར་བྱ། ། ལྷག་པའི་མེ་ལྕེ་ཆེར་འབར་བས། ། གདུག་པ་ཐམས་ཅད་རྣམ་པར་བསྲེག། མཐའ་དག་བར་ཆོད་མ་ལུས་བསྲུང་། ། ཨོཾ་བཛྲ་རཀྵ་རཀྵ་ཧཱུཾ་ཧཱུཾ། སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ནས། ། གསུམ་པ་རྣམ་གསུམ་རིམ་པ་བཞིན། ། རྡོ་རྗེ་མེ་རི་རླུང་དམར་རྣམས། ། རྒྱུད་འབྲེལ་བར་མ་ཆད་བསྒོམ་བྱ། ། དེ་ནས་དེ་དབུས་ལྟེ་བར་ནི། ། ཐུགས་རྗེ་ཆེ་ཁྲོས་བཞད་པའི་སྐུ། ། རྡོ་རྗེའི་ཁྱུང་གཤོག་མཐིང་ག་ཅན། ། རྡོ་རྗེ་དྲིལ་འཛིན་ལྷས་མཚན་བསྒོམ། ། སེར་སྤྲིན་ལྟར་གནག་ཁྲོ་བོའི་ཞལ། ། རབ་ཏུ་བགྲད་ཅིང་མཆེ་བ་གཙིགས། ། བརྐྱང་བསྐུམ་ཞབས་གཉིས་སྟང་སྟབས་ཚུལ། ། དབུ་སྐྲ་སྨིན་མ་སྨར་སེར་འཁྱིལ། ། ཁྲོ་བོའི་རྒྱལ་པོ་བཞད་པ་འདི། ། སྤྱན་རས་གཟིགས་དབང་ཐུགས་རྗེ་ཡི། ། ཁྲོས་པས་གདུག་པ་ཀུན་འདུལ་བ། ། འབར་བའི་ཕྱག་རྒྱ་གཉིས་པ་ཡིན། ། དེ་ནས་བསྲུང་བ་འདི་ཡི་རྗེས། ། རྣམ་པར་གཞིག་པའི་རིམ་པ་ཡིས། ། སྟོང་པར་རྣམ་པར་བསྒོམས་ནས་ནི། ། སྐད་ཅིག་ཙམ་གྱིས་རྒྱལ་གཟུངས་བསྒོམ། ། རྡོ་རྗེ་སྐྱིལ་ཀྲུང་བཅས་སྐྱེད་སྐུ། ། རྡོ་རྗེ་མདུད་པ་བསྡམས་པ་དང་། ། རྡོ་རྗེ་ཐོས་སོར་ཞེས་པས་བསྡམ། ། དེ་བཞིན་རྡོ་རྗེའི་འཁོར་ལོ་བསྐོར།
Homage to the Protector Avalokiteśvara! The body is the basis for the offerings of all living beings, and liberation is likewise dependent upon it. Therefore, those who desire to be bound or liberated should meditate upon this quintessential instruction of the Protector. Visualize the blazing wisdom-vajra, possessing the light of the fire at the end of the aeon with its seven horses, completely transformed from the syllable HŪṂ at the navel, reaching as far as the Brahma world. Reciting HŪṂ, multiply the vajras. With the great blazing of the extraordinary tongues of fire, all malevolent forces are utterly incinerated, and all obstacles without exception are protected. OṂ VAJRA RAKṢA RAKṢA HŪṂ HŪṂ. Having recited this mantra one hundred and eight times, one should meditate in the third stage upon the three successive layers: the vajra, the mountain of fire, and the red wind, in an unbroken, continuous stream. Then, in the center of that, at the navel, meditate on the form of the Great Compassionate One in a wrathful, laughing aspect. He has the blue wings of a vajra garuḍa and is marked by a deity holding a vajra and bell. His wrathful face is as black as a yellow cloud, with wide-open eyes and bared fangs. His two legs are in the posture of standing with one extended and one tucked. His hair, eyebrows, and beard are curled and yellow. This laughing King of Wrathful Deities is the wrathful manifestation of the Compassionate Lord Avalokiteśvara who subdues all malevolent beings; this is the second blazing mudrā. Following this protection, through the stages of total dissolution, meditate on emptiness. Then, in a mere instant, meditate on the King’s dhāraṇī. Generate the body in the vajra posture. Bind the vajra-knot and secure it with the "vajra-ear" finger-lock. Likewise, rotate the vajra-wheel.