༄༅། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། ཡང་དེ་ནས་སྐྱེ་བོ་གདུལ་བར་དཀའ་བ་རྣམས་ཀྱི་སྙིང་དྲེགས་པ་ཞི་བར་བྱེད་པའི་ཆོ་ག་བཤད་པར་བྱ་སྟེ། བདག་ཉིད་འཕགས་པ་ཞལ་བརྒྱ་པ། ། ཕྱག་སྟོང་སྤྱན་དཔག་མེད་ལྡན་སྐུ། ། དཀར་ཞིང་དྲི་མེད་འོད་འབར་བ། ། མི་འཇིགས་སྒྲ་སྒྲོགས་བསྒོམ་པར་བྱ། ། ཤར་དུ་ཧ་ལ་ཞལ་གསུམ་ཁྲོས། ། ཕྱག་དྲུག་མདའ་གཞུ་རྡོ་རྗེ་དྲིལ། ། ལྕགས་ཀྱུ་ཞགས་པ་འཛིན་དུང་མདོག། སྦྲུལ་དཀར་གྱིས་བརྒྱན་བཞད་པའོ། ། ལྷོར་ནི་ཁྲོ་བོ་ཧ་ཧ་ཆེ། ། ཞལ་གསུམ་ཕྱག་དྲུག་རྡོ་རྗེ་དྲིལ། ། དགྲ་སྟ་ཁ་ཊྭཱཾ་ཐལ་མོ་བསྡམས། ། ནམ་མཁའི་མདོག་ཅན་སྦྲུལ་སེར་བརྒྱན། ། ནུབ་ཏུ་གཏུམ་ཆེན་དམར་ནག་དཔལ། ། ཞལ་གསུམ་ཕྱག་དྲུག་ལྕགས་ཀྱུ་ཞགས། ། ཉི་ཟླ་སྡིགས་མཛུབ་ཚངས་པའི་མགོ། ། སྦྲུལ་དམར་གྱིས་བརྒྱན་རྔམ་པ་ཡིན། ། བྱང་དུ་ཟ་བྱེད་ཐལ་མདོག་ཅན། ། ཞལ་གསུམ་ཕྱག་དྲུག་གླང་ཆེན་ལྤགས། ། མདུང་ཐུང་བེ་ཅོན་རལ་གྲི་ཕུབ། ། སྦྲུལ་ནག་གིས་བརྒྱན་རྒྱུ་མ་གསོལ། ། འདི་དག་དཔའ་བོ་ཁྲོས་པ་ཡི། ། ཆ་ལུགས་སྟང་སྟབས་དྲག་བཅས་པ། ། སྤྱན་མང་གིས་སྤྲས་སྤུ་སྒོ་ནས། ། ཀུན་ནས་མེ་འབར་འཁྱིལ་པའོ། ། དེ་ནས་དཀྱིལ་འཁོར་ཆེན་པོའི་ཆོ་ག་ལས་ཇི་སྐད་བཤད་པའི་ཆོ་གས་མཆོད་པ་ལ་སོགས་པ་བྱས་ལ། བདེ་བ་ཆེན་པོའི་ཕོ་བྲང་གི་རྣམ་པར་ཐར་པ་ཟབ་མོ་དང་བཅས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། ཡང་མཆོད་པ་ལ་སོགས་པ་བྱའོ། ། དེའི་འོག་ཏུ་གང་དག་ཀུན་ནས་ཉོན་མོངས་པ་གང་དག་གང་གི་དབང་ལས་སྐྱེས་པའི་ང་རྒྱལ་གྱིས་སེམས་རབ་ཏུ་དྲེགས་ཤིང་མངོན་པར་མཐོ་བར་འགྱུར་བ།
Homage to the Noble Avalokiteśvara. Furthermore, I shall now explain the ritual for pacifying the pride in the hearts of those beings who are difficult to discipline. One should meditate on oneself as the Noble One with a hundred faces, a thousand arms, and immeasurable eyes; a body white and stainless, blazing with light, proclaiming the sound of fearlessness. In the east is Hala, with three faces and a wrathful expression, six arms holding a bow and arrow, a vajra and bell, a hook, and a noose; the color of a conch, adorned with white snakes, and laughing. In the south is the wrathful Ha-ha-che, with three faces and six arms holding a vajra and bell, a battle-axe, a khaṭvāṅga, and joined palms; the color of the sky, adorned with yellow snakes. In the west is the Great Fierce One, the Glorious Red-Black, with three faces and six arms holding a hook, a noose, the sun and moon, and the threatening gesture, along with the head of Brahmā; adorned with red snakes, he is terrifying. In the north is the Devourer, ash-colored, with three faces and six arms holding an elephant hide, a short spear, a club, a sword, and a shield; adorned with black snakes, he wears intestines as a garland. These are the fierce, heroic forms, with their majestic postures and wrathful movements. Adorned with many eyes, from every pore, fire blazes and swirls forth from all sides. Then, having performed the offerings and so forth according to the ritual explained in the Mahāmaṇḍala-vidhi, one should invite the Jñānasattva with the profound liberation of the Palace of Great Bliss, and again perform the offerings and so forth. Following that, those who are thoroughly afflicted, whose minds are intensely puffed up with pride born from the power of whatever [afflictions], and who become exceedingly haughty—