༄༅། ། བཅོམ་ལྡན་འདས་སྤྱན་རས་གཟིགས་རལ་གྲི་འབར་བ་ལ་ཕྱག་འཚལ་ལོ། ། མི་གང་གཉིད་ཀྱིས་ལོག་པ་ན། ། མ་འོངས་བཀྲ་ཤིས་མིན་པ་ཡི། ། ལྟས་གང་བྱུང་བར་གྱུར་པ་དེ། ། དགའ་བའི་ལྟས་བསྟན་མཐོང་བར་འགྱུར། ། འདི་ལ་བཙུན་པ་སྤྱན་རས་གཟིགས། ། དད་པ་ཐོབ་པ་དཀའ་ཐུབ་ཅན། ། བརྩེ་ལྡན་དབང་པོ་དུལ་བ་ཡིས། ། བཟློག་པའི་ཆོ་ག་གསུངས་པ་ཡིན། ། ཉི་མ་འཆར་ཀའི་འོད་འཕྲོ་ཚེ། ། གསོ་སྦྱོང་ཡན་ལག་ལ་གནས་པས། ། ཤར་དུ་ཁ་བལྟས་གོས་བཟང་གྱོན། ། གདོང་བཀྲུས་མེ་ཏོག་ཕྲེང་བས་བརྒྱན། ། གསུམ་ལ་སྐྱབས་སོང་བརྩེ་ཆེན་གྱིས། ། སྣ་ཚོགས་མཆོད་རྫས་ལེགས་བཤམས་ལ། ། སྤྱན་རས་གཟིགས་ཀྱི་སྐུ་གཟུགས་ཤིག། མདུན་དུ་བདར་ཏེ་སྡིག་པ་བསལ། ། སྐད་ཅིག་ཆོ་གས་ལྷ་མཆོག་གི། ། རྣལ་འབྱོར་བྱས་ལ་དེ་ཡི་སྐུ། ། ཞལ་བརྒྱ་ཕྱག་སྤྱན་སྟོང་ལྡན་དང་། ། འོད་ཕྲེང་དཀར་པོ་ལས་གྲུབ་པའི། ། རྡོ་རྗེ་རལ་གྲི་བེ་ཅོན་དང་། ། དགྲ་སྟ་ལྕགས་ཀྱུ་ཁ་ཊྭཱཾ་ག། རྡོ་རྗེ་དབྱིག་པ་རྡོ་རྗེ་ཞགས། ། འདི་བརྒྱད་རེ་རེ་ལས་ཀྱང་སྟོང་། ། སྤྲུལ་པས་ཁོར་ཡུག་བསྐོར་བར་བལྟ། ། འཁོར་ལོ་རྣམ་གསུམ་བཟླས་པ་ཡིས། ། བཅད་དང་གཏུབ་དང་བསྲེག་པ་ནི། ། ལྟས་ངན་རྣམ་པར་བཤིག་པར་བྱེད། ། སྣ་ཚོགས་མཆོད་པ་སྔོན་འགྲོ་བས། ། གཏོར་མ་སྟོང་ནི་རབ་ཏུ་སྦྱིན། ། དེ་ལ་སྔགས་ནི་འདི་ཡིན་ཏེ། ། ངག་བསྡམས་པ་ཡི་རྒྱུན་ཆགས་སོ། ། ཨོཾ་ཨཱཿམ་ཧཱ་ཏ་ཐཱ་ག་ཏ་ཨཥྚ་ས་ཧ་མ་ཧཱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་བ་ལིཾ་ཏ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ཧཱུཾ་ཧཱུཾ་ལན་གསུམ་གསུམ་གྱིས་སོ། ། མཐར་ནི་འདིའོ། །
Homage to the Blessed One, Avalokiteśvara with the Blazing Sword. When any person falls asleep, whatever inauspicious omens of the future may arise, they shall see them transformed into auspicious signs. Regarding this, the Venerable Avalokiteśvara, the ascetic who has attained faith, spoke this ritual for averting [misfortune] with a compassionate and disciplined mind. At the time when the light of the rising sun radiates, one should abide by the branches of the poṣadha (fasting) vows. Facing the east, wearing fine garments, with a face washed and adorned with flower garlands, one should take refuge in the Three Jewels. With great compassion, having properly arranged various offering substances, one should place an image of Avalokiteśvara before oneself and purify all misdeeds. In an instant, through the ritual, one should perform the yoga of the Supreme Deity. One should visualize his body with a hundred faces and a thousand arms and eyes, and from a white garland of light, emanate eight [implements]: a vajra, a sword, a club, a battle-axe, a hook, a khaṭvāṅga, a vajra-staff, and a vajra-noose. One should see each of these eight emanate a thousand [more] emanations, surrounding the entire perimeter. By reciting the three wheels of the mantra, the cutting, hacking, and burning [of obstacles] will utterly destroy all evil omens. Preceded by various offerings, one should bestow a thousand bali (offering cakes). The mantra for this is as follows: a continuous stream of restrained speech. Oṃ āḥ mahā tathāgata aṣṭa saha mahālokeśvara saparivāra baliṃta pūja megha samudra spharaṇa hūṃ hūṃ (recite this three times each). At the end, it is as follows: